shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 6a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 6a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 25 函 · 德格 6a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文གཟིགས་སོ། །སྨྱིག་རྒྱུ་མཐོང་བ་{མྱི་,མི་}གཟིགས་སོ། །སྤྲུལ་པ་{མྱི་,མི་}གཟིགས་སོ། །སྤྲུལ་པ་མཐོང་བ་{མྱི་,མི་}གཟིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡང་དག་པ་མ་ཡིན་པས། ཆོས་ཐམས་ཅད་ནི་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་དེ། ཡོངས་སུ་མྱ་ངན་ལས་འདས་པ་དང་མཉམ་པ་སྟེ། ཡང་དག་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་{མྱེད་,མེད་}ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོའི་འདུ་ཤེས་སམ། ཡོངས་སུ་གྲུབ་པའི་འདུ་ཤེས་
སམ། ཡང་དག་པའི་འདུ་ཤེས་སུ་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་ནི་གནས་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཆོས་ལ་ལ་ཞིག་གི་ངོ་བོ་ཉིད་དམ། ཡོངས་སུ་གྲུབ་པའམ། ཡང་དག་པར་གྱུར་པ་ཞིག་{དམྱིགས་,དམིགས་}ན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་{མྱི་,མི་}འགྱུར་ཏེ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། གཟུགས་ལ་ཆགས་པ་{མྱེད་,མེད་}དོ། །ཚོར་བ་ལ་ཆགས་པ་{མྱེད་,མེད་}དོ། །འདུ་ཤེས་ལ་ཆགས་པ་{མྱེད་,མེད་}དོ། །འདུ་བྱེད་ལ་ཆགས་པ་{མྱེད་,མེད་}དོ། །རྣམ་པར་ཤེས་པ་ལ་ཆགས་པ་{མྱེད་,མེད་}དོ། །
ཁམས་རྣམས་ལ་ཆགས་པ་{མྱེད་,མེད་}དོ། །སྐྱེ་མཆེད་རྣམས་ལ་ཆགས་པ་{མྱེད་,མེད་}དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཆགས་པ་{མྱེད་,མེད་}དོ། །འདོད་པའི་ཁམས་ལ་ཆགས་པ་{མྱེད་,མེད་}དོ། །གཟུགས་ཀྱི་ཁམས་ལ་ཆགས་པ་{མྱེད་,མེད་}དོ། །གཟུགས་{མྱེད་,མེད་}པའི་ཁམས་ལ་ཆགས་པ་{མྱེད་,མེད་}དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་{མྱེད་,མེད་}དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་{མྱེད་,མེད་}དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་{མྱེད་,མེད་}དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་{མྱེད་,མེད་}དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་
{མྱེད་,མེད་}དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་{མྱེད་,མེད་}དོ། །ནང་སྟོང་པ་ཉིད་ལ་ཆགས་པ་{མྱེད་,མེད་}དོ། །ཕྱི་སྟོང་པ་ཉིད་ལ་ཆགས་པ་{མྱེད་,མེད་}དོ། །ཕྱི་ནང་སྟོང་པ་ཉིད་ལ་ཆགས་པ་{མྱེད་,མེད་}དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་ཆགས་པ་{མྱེད་,མེད་}དོ། །ཆེན་པོ་སྟོང་པ་ཉིད་ལ་ཆགས་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 6a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。