shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 133a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 133a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 25 函 · 德格 133a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文འབྲས་བུ་ལ་འགོད་པ་ཡིན། བདག་ཀྱང་དགྲ་བཅོམ་པའི་འབྲས་བུའི་ཤེས་པ་སྐྱེད་ཅིང་། དེ་ལ་ཡང་{མྱི་,མི་}གནས་པ་ཡིན། གཞན་ཡང་དགྲ་བཅོམ་པ་ཉིད་ལ་འགོད་པ་ཡིན། བདག་ཀྱང་རང་བྱང་ཆུབ་ཀྱི་ཤེས་པ་སྐྱེད་ཅིང་དེ་ལ་ཡང་{མྱི་,མི་}གནས་པ་ཡིན། གཞན་ཡང་རང་བྱང་ཆུབ་ལ་འགོད་པ་ཡིན། བདག་ཀྱང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་སྐྱེད་པ་ཡིན། གཞན་ཡང་ལམ་དེ་ལ་འདེམས་ཤིང་རྗེས་སུ་སྟོན་པ་དང་། གཞོག་ཅིང་འདུལ་བ་དང་འགོད་
པ་ཡིན་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རང་བཞིན་སྟོང་པ་ཉིད་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པའི་ཚེ། ནམ་ཡང་ལས་{མྱེད་,མེད་}པར་གནས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན། རང་བཞིན་སྟོང་པ་ཉིད་ལ་ནི་སེམས་ཅན་ཡང་{མྱི་,མི་}{དམྱིགས,དམིགས}། ཆོས་ཀྱང་{མྱི་,མི་}
{དམྱིགས,དམིགས}། ཆོས་མ་ལགས་པ་ཡང་{མྱི་,མི་}{དམྱིགས་,དམིགས་}ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་ཡང་དག་པར་འཇུག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ནོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་སེམས་ཅན་{མྱི་,མི་}{དམྱིགས་,དམིགས་}སོ། །ཆོས་{མྱི་,མི་}{དམྱིགས་,དམིགས་}སོ། །ཆོས་མ་ཡིན་པ་{མྱི་,མི་}{དམྱིགས་,དམིགས་}
སོ། །རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རང་བཞིན་སྟོང་པ་ཉིད་ལ་གནས་པར་{མྱི་,མི་}འགྱུར་ཏེ། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 133a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。