完整藏文原文 · 德格版页 当前仅加载第 25 函德格 372b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལམ་གྱི་རྣམ་པ་ཤེས་པ་ཉིད་{རྨྱི་,རྨི་}ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། {མྱིག་,མིག་}ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །
D8.025.0372b01.01དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་{རྨྱི་,རྨི་}ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་། {མྱིག་,མིག་}ཡོར་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སོ། །
D8.025.0372b02.01དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་{རྨྱི་,རྨི་}ལམ་ལ་སྤྱོད་དོ་ཞེས་བྱ་བར་ཤེས་སོ། །སྒྲ་བརྙན་ལ་སྤྱོད་དོ་ཞེས་བྱ་བར་ཤེས་སོ། །{མྱིག་,མིག་}ཡོར་ལ་སྤྱོད་དོ་ཞེས་བྱ་བར་ཤེས་སོ། །སྨྱིག་
D8.025.0372b03.01རྒྱུ་ལ་སྤྱོད་དོ་ཞེས་བྱ་བར་ཤེས་སོ། །སྒྱུ་མ་ལ་སྤྱོད་དོ་ཞེས་བྱ་བར་ཤེས་སོ། །སྤྲུལ་པ་ལ་སྤྱོད་དོ་ཞེས་བྱ་བར་ཤེས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
D8.025.0372b04.01ཚེ། {རྨྱི་,རྨི་}ལམ་ལྟ་བུའི་ཆོས་རྣམས་དངོས་པོ་{མྱེད་,མེད་}པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྒྲ་བརྙན་ལྟ་བུའི་ཆོས་རྣམས་
D8.025.0372b05.01དངོས་པོ་{མྱེད་,མེད་}པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། {མྱིག་,མིག་}ཡོར་ལྟ་བུའི་ཆོས་རྣམས་དངོས་པོ་{མྱེད་,མེད་}པར་འཛིན་ཏེ། དེ་ལྟར་
D8.025.0372b06.01བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྨྱིག་རྒྱུ་ལྟ་བུའི་ཆོས་རྣམས་དངོས་པོ་{མྱེད་,མེད་}པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་
D8.025.0372b07.01