shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 408a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 408a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 24 函 · 德格 408a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ཏེ་གནས་སོ། །བྱམས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །སྙིང་རྗེ་ཆེན་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དགའ་བ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བཏང་སྙོམས་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །{ཆུང་ཟད་,ཅུང་ཟད་}{མྱེད་,མེད་}པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདུ་ཤེས་{མྱེད་,མེད་}འདུ་ཤེས་{མྱེད་,མེད་}{མྱིན་,མིན་}སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །སྟོང་པ་ཉིད་
དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པའི་ཏིང་ངེ་འཛིན་སྒོམ་མོ། །གློག་ལྟ་བུའི་ཏིང་ངེ་འཛིན་སྒོམ་མོ། །ཡང་དག་པའི་ཏིང་ངེ་འཛིན་སྒོམ་མོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ཤིང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་པར་ཉན་ཐོས་དང་ཐུན་མོང་བའམ། རང་སངས་རྒྱས་དང་ཐུན་མོང་པའི་ཏིང་ངེ་འཛིན་གང་ཇི་སྙེད་པ་དང་། གཞན་ཡང་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཚོགས་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལུས་ཀྱིས་ཁྱབ་པར་བྱས་ཤིང་། ཉེ་བར་བསྒྲུབས་ཏེ་གནས་ཀྱང་། ཏིང་ངེ་འཛིན་དེ་དག་དང་།
སྙོམས་པར་འཇུག་པའི་འབྲས་བུའི་རོ་མྱོང་བར་{མྱི་,མི་}བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཏིང་ངེ་འཛིན་དེ་དག་གི་མཚན་ཉིད་{མྱེད་,མེད་}པ་དང་། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་དུ་ཤེས་པས་ན། མཚན་ཉིད་{མྱེད་,མེད་}པའི་ཆོས་མཚན་ཉིད་{མྱེད་,མེད་}པའི་ཆོས་ཀྱི་རོ་མྱོང་བར་བྱེད་པར་ཡང་ག་ལ་འགྱུར། དངོས་པོ་{མྱེད་,མེད་}པའི་ཆོས་ཀྱང་དངོས་པོ་{མྱེད་,མེད་}པའི་ཆོས་ཀྱི་རོ་མྱོང་བར་བྱེད་པ་ག་ལ་འགྱུར་ཏེ། དེ་རོ་མྱོང་བར་བྱེད་པ་{མྱེད་,མེད་}པས། ཏིང་ངེ་འཛིན་གང་གིས་དབང་གིས་ཀྱང་གཟུགས་ཀྱི་ཁམས་སམ།
གཟུགས་{མྱེད་,མེད་}པའི་ཁམས་སུ་སྐྱེ་བར་{མྱི་,མི་}འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཁམས་དེ་གཉིས་ཀྱང་{མྱི་,མི་}{དམྱིགས,དམིགས}། གང་སྙོམས་པར་འཇུག་པ་དང་། གང་གིས་སྙོམས་པར་འཇུག་པ་དེ་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་{མྱི་,མི་}{དམྱིགས་,དམིགས་}པས་མཚན་ཉིད་{མྱེད་,མེད་}པའི་ཏིང་ངེ་འཛིན་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 408a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。