shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 167a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 167a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 24 函 · 德格 167a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文བསྒོམས། བསམ་གཏན་བཞི་ལ་ཉེ་བར་བསྒྲུབས་ཏེ་གནས། ཚད་{མྱེད་,མེད་}པ་བཞི་ལ་ཉེ་བར་བསྒྲུབས་ཏེ་གནས། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་བཞི་ལ་ཉེ་བར་བསྒྲུབས་ཏེ་གནས། རྣམ་པར་ཐར་པ་བརྒྱད་ལ་ཉེ་བར་བསྒྲུབས་ཏེ་གནས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཉེ་བར་བསྒྲུབས་ཏེ་གནས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས། མཚན་མ་{མྱེད་,མེད་}པའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས། སྨོན་པ་{མྱེད་,མེད་}
པའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས། མངོན་པར་ཤེས་པ་རྣམས་ལ་ཉེ་བར་བསྒྲུབས་ཏེ་གནས། ཏིང་ངེ་འཛིན་རྣམས་ལ་ཉེ་བར་བསྒྲུབས་ཏེ་གནས། གཟུངས་ཀྱི་སྒོ་རྣམས་ལ་ཉེ་བར་བསྒྲུབས། དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམས། {མྱི་,མི་}འཇིགས་པ་བཞི་བསྒོམས། སོ་སོ་ཡང་དག་པར་རིག་པ་བཞི་བསྒོམས། བྱམས་པ་ཆེན་པོ་བསྒོམས། སྙིང་རྗེ་ཆེན་པོ་བསྒོམས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་བསྒོམས་ནས། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་ཚད་{མྱེད་,མེད་}དཔག་ཏུ་མེད་པ་མངོན་པར་སྤྲུལ་ཏེ། ཕུང་པོ་གསུམ་དུ་ལུང་བསྟན་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྤྲུལ་པ་དེས་སེམས་ཅན་གང་ཡང་ཕུང་པོར་བྱས་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་མཁྱེན་ཅིང་ཐུགས་སུ་ཆུད་དེ། སྤྲུལ་པ་ལྟ་བུར་མཁྱེན་ནས། སེམས་ཅན་གང་ཡང་{དམྱིགས་,དམིགས་}པ་{མྱེད་,མེད་}དོ། །བཏུལ་བ་{མྱེད་,མེད་}དོ། །རབ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 167a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。