藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 76b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ནི་ལམ་དང་ལམ་མ་ཡིན་པ་སྟོན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དོན་ཆེན་པོའི་ཕྱིར་ཉེ་བར་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དོན་ཚད་{མྱེད་,མེད་}པའི་ཕྱིར་ཉེ་བར་གནས་སོ། །

D8.024.0076b01.01
2

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དོན་གྲངས་{མྱེད་,མེད་}པའི་ཕྱིར་ཉེ་བར་གནས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་དེ་ཡང་རྗོད་མོད་ཀྱི། གཟུགས་ཡོངས་སུ་{མྱི་,མི་}འཛིན་ཏོ། །ཚོར་བ་ཡོངས་སུ་{མྱི་,མི་}འཛིན་

D8.024.0076b02.01
3

ཏོ། །འདུ་ཤེས་ཡོངས་སུ་{མྱི་,མི་}འཛིན་ཏོ། །འདུ་བྱེད་ཡོངས་སུ་{མྱི་,མི་}འཛིན་ཏོ། །རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་ཏོ། །{མྱིག་,མིག་}ཡོངས་སུ་{མྱི་,མི་}འཛིན་ཏོ། །རྣ་བ་ཡོངས་སུ་{མྱི་,མི་}འཛིན་ཏོ། །སྣ་ཡོངས་སུ་{མྱི་,མི་}འཛིན་ཏོ། །ལྕེ་ཡོངས་སུ་{མྱི་,མི་}འཛིན་ཏོ། །ལུས་

D8.024.0076b03.01
4

ཡོངས་སུ་མི་འཛིན་ཏོ། །ཡིད་ཡོངས་སུ་{མྱི་,མི་}འཛིན་ཏོ། །གཟུགས་ཡོངས་སུ་{མྱི་,མི་}འཛིན་ཏོ། །སྒྲ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དྲི་ཡོངས་སུ་མི་འཛིན་ཏོ། །རོ་ཡོངས་སུ་{མྱི་,མི་}འཛིན་ཏོ། །རེག་ཡོངས་སུ་{མྱི་,མི་}འཛིན་ཏོ། །ཆོས་ཡོངས་སུ་{མྱི་,མི་}འཛིན་ཏོ། །{མྱིག་,མིག་}གི་རྣམ་པར་ཤེས་པ་

D8.024.0076b04.01
5

ཡོངས་སུ་{མྱི་,མི་}འཛིན་ཏོ། །རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །སྣའི་རྣམ་པར་ཤེས་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །ལྕེའི་རྣམ་པར་ཤེས་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པ་

D8.024.0076b05.01
6

ཡོངས་སུ་མི་འཛིན་ཏོ། །{མྱིག་,མིག་}གི་འདུས་ཏེ་རེག་པ་ཡོངས་སུ་མི་འཛིན་ཏོ། །རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །སྣའི་འདུས་ཏེ་རེག་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །ལྕེའི་འདུས་ཏེ་རེག་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་{མྱི་,མི་}

D8.024.0076b06.01
7

འཛིན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །{མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་{མྱི་,མི་}འཛིན་ཏོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་{མྱི་,མི་}འཛིན་ཏོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་{མྱི་,མི་}

D8.024.0076b07.01