藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 362b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། {མྱི་,མི་}འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་

D8.024.0362b01.01
2

པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡང་རྟག་ཅེས་བྱ་བ་འམ། {མྱི་,མི་}རྟག་ཅེས་བྱ་བ་འམ། བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། བདག་ཅེས་བྱ་བ་འམ། བདག་{མྱེད་,མེད་}ཅེས་བྱ་བ་འམ། ཞི་ཞེས་བྱ་བ་འམ།

D8.024.0362b02.01
3

མ་ཞི་ཞེས་བྱ་བ་འམ། དགེ་ཞེས་བྱ་བ་འམ། {མྱི་,མི་}དགེ་ཞེས་བྱ་བ་འམ། འཇིག་རྟེན་ཞེས་བྱ་བ་འམ། འཇིག་རྟེན་ལས་འདས་ཤེས་བྱ་བ་འམ། ཉོན་མོངས་པ་དང་བཅས་ཤེས་བྱ་བ་འམ། ཉོན་མོངས་པ་{མྱེད་,མེད་}ཅེས་བྱ་བ་འམ། ཁ་ན་མ་ཐོ་བ་དང་

D8.024.0362b03.01
4

བཅས་ཤེས་བྱ་བ་འམ། ཁ་ན་མ་ཐོ་བ་{མྱེད་,མེད་}ཅེས་བྱ་བ་འམ། ཟག་པ་དང་བཅས་ཤེས་བྱ་བ་འམ། ཟག་པ་{མྱེད་,མེད་}ཅེས་བྱ་བ་འམ། ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་འམ། རྣམ་པར་བྱང་བ་ཞེས་བྱ་བ་འམ། འདུས་བྱས་ཤེས་བྱ་བ་འམ། འདུས་

D8.024.0362b04.01
5

མ་བྱས་ཤེས་བྱ་བར་སྙེམས་པ་{མྱེད་,མེད་}དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུར་སྙེམས་པ་{མྱེད་,མེད་}དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུར་སྙེམས་པ་{མྱེད་,མེད་}དོ། །ཕྱིར་མི་འོང་བའི་འབྲས་བུར་སྙེམས་པ་{མྱེད་,མེད་}དོ། །དགྲ་བཅོམ་པ་ཉིད་དུ་སྙེམས་པ་{མྱེད་,མེད་}དོ། །

D8.024.0362b05.01
6

རང་བྱང་ཆུབ་ཏུ་སྙེམས་པ་{མྱེད་,མེད་}དོ། །བྱང་ཆུབ་སེམས་དཔའ་ཉིད་དུ་སྙེམས་པ་{མྱེད་,མེད་}དོ། །བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྙེམས་པ་{མྱེད་,མེད་}དོ། །རྒྱུན་ཏུ་ཞུགས་པ་ཞེས་བྱ་བར་ཡང་སྙེམས་པ་{མྱེད་,མེད་}དོ། །ལན་ཅིག་ཕྱིར་འོང་བ་ཞེས་བྱ་

D8.024.0362b06.01
7

བར་ཡང་སྙེམས་པ་{མྱེད་,མེད་}དོ། །ཕྱིར་{མྱི་,མི་}འོང་བ་ཞེས་བྱ་བར་ཡང་སྙེམས་པ་{མྱེད་,མེད་}དོ། །དགྲ་བཅོམ་པ་ཞེས་བྱ་བར་ཡང་སྙེམས་པ་{མྱེད་,མེད་}དོ། །རང་སངས་རྒྱས་ཤེས་བྱ་བར་ཡང་སྙེམས་པ་{མྱེད་,མེད་}དོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བར་ཡང་སྙེམས་པ་{མྱེད་,མེད་}དོ། །

D8.024.0362b07.01