藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 182a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པར་{མྱི་,མི་}བྱའོ། །དགྲ་བཅོམ་པ་ཉིད་བདག་གི་དོན་ཅེས་སྤྱད་པར་{མྱི་,མི་}བྱའོ། །དགྲ་བཅོམ་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་{མྱི་,མི་}བྱའོ། །རང་བྱང་ཆུབ་བདག་གི་དོན་ཅེས་སྤྱད་པར་{མྱི་,མི་}བྱའོ། །རང་བྱང་ཆུབ་བདག་གི་

D8.024.0182a01.01
2

དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བདག་གི་དོན་ཅེས་སྤྱད་པར་{མྱི་,མི་}བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་{མྱི་,མི་}བྱའོ། །བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདག་གི་དོན་

D8.024.0182a02.01
3

ཅེས་སྤྱད་པར་{མྱི་,མི་}བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་{མྱི་,མི་}བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

D8.024.0182a03.01
4

རྒྱས་ཀྱིས། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་གང་དོན་ཏུ་བྱ་བ་འམ། དོན་{མྱེད་,མེད་}པར་བྱ་བ་དེ་ལྟ་བུ་གང་ཡང་མ་{དམྱིགས་,དམིགས་}སོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་

D8.024.0182a04.01
5

རྣམས་སྐྱེས་ཀྱང་རུང་། དེ་བཞིན་གཤེགས་པ་རྣམས་མ་སྐྱེས་ཀྱང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་གནས་ཉིད་ནི་གནས་པ། ཆོས་ཀྱི་དབྱིངས་ནི་གནས་པ་སྟེ། དེ་ནི་གང་ལ་ཡང་དོན་ཀྱང་{མྱི་,མི་}བྱེད། དོན་མ་ཡིན་པ་ཡང་

D8.024.0182a05.01
6

{མྱི་,མི་}བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་དང་དོན་མ་ཡིན་པར་སྤངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇིའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་

D8.024.0182a06.01
7

ཏུ་ཕྱིན་པ་གང་ལ་ཡང་དོན་ཀྱང་{མྱི་,མི་}བགྱིད། དོན་མ་ལགས་པ་ཡང་{མྱི་,མི་}བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཉིད་གང་

D8.024.0182a07.01