shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 200b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 200b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 24 函 · 德格 200b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ཆེན་པོ་དང་ལྡན་པར་མ་གྱུར་པ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པར་མ་གྱུར་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པར་མ་གྱུར་པ་དེའི་བར་དུ་བྱང་ཆུབ་ཀྱི་ལམ་དེ་ལ་ཡོངས་སུ་འདྲིས་པར་བྱེད་དེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའི་ལམ་སྟེ། ལམ་དེ་ལ་གནས་ཤིང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེའི་ཚེ་དེའི་བག་ཆགས་ཀྱི་མཚམས་
སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཀྱང་། {མྱི་,མི་}སྐྱེ་བར་སྤང་བས་ཡོངས་སུ་སྤོང་བར་འགྱུར་ཏེ། དེས་སངས་རྒྱས་ཀྱི་སྤྱན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་རྣམ་པར་ལྟ་ན། དངོས་པོ་{མྱེད་,མེད་}པར་ཡང་{མྱི་,མི་}{དམྱིགས་,དམིགས་}ན། དངོས་པོ་ཡོད་པ་ལྟ་སྨོས་ཀྱང་{མྱི་,མི་}སྨོས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་ཚེ། སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་དེ་ལྟར་སྦྱིན་པ་ཡོངས་སུ་གཏོང་ཡང་{མྱི་,མི་}རྟོག །མཚན་མར་{མྱི་,མི་}བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་{མྱེད་,མེད་}པར་ཡང་ཡིད་ལ་{མྱི་,མི་}བྱེད་དོ། །ལེན་པ་ལ་ཡང་{མྱི་,མི་}རྟོག །མཚན་མར་{མྱི་,མི་}བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་{མྱེད་,མེད་}པར་ཡང་ཡིད་ལ་{མྱི་,མི་}བྱེད་དོ། །གཏོང་བ་ལ་ཡང་{མྱི་,མི་}རྟོག །མཚན་མར་{མྱི་,མི་}བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་{མྱེད་,མེད་}པར་ཡང་ཡིད་ལ་{མྱི་,མི་}བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་{མྱི་,མི་}{དམྱིགས་,དམིགས་}ཏེ། མཚན་མར་{མྱི་,མི་}བྱེད། ཡུལ་དུ་{མྱི་,མི་}བྱེད།
ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་སྲུང་སྟེ། དེ་དེ་ལྟར་ཚུལ་ཁྲིམས་སྲུང་ཡང་{མྱི་,མི་}རྟོག །མཚན་མར་{མྱི་,མི་}བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་{མྱེད་,མེད་}པར་ཡང་ཡིད་ལ་{མྱི་,མི་}བྱེད་དོ། །བྱང་ཆུབ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 200b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。