藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 91b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དག་པར་རིག་པར་དགོངས་པ་{མྱི་,མི་}མཛད་དོ། །བྱམས་པ་ཆེན་པོར་དགོངས་པ་{མྱི་,མི་}མཛད་དོ། །སྙིང་རྗེ་ཆེན་པོར་དགོངས་པ་{མྱི་,མི་}མཛད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པར་དགོངས་པ་{མྱི་,མི་}མཛད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུར་དགོངས་པ་{མྱི་,མི་}མཛད་དོ། །ལན་ཅིག་ཕྱིར་

D8.024.0091b01.01
2

འོང་བའི་འབྲས་བུར་དགོངས་པ་{མྱི་,མི་}མཛད་དོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུར་དགོངས་པ་{མྱི་,མི་}མཛད་དོ། །དགྲ་བཅོམ་པ་ཉིད་དུ་དགོངས་པ་མི་མཛད་དོ། །རང་བྱང་ཆུབ་ཏུ་དགོངས་པ་{མྱི་,མི་}མཛད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་དགོངས་པ་{མྱི་,མི་}མཛད་དོ། །རྣམ་པ་ཐམས་ཅད་

D8.024.0091b02.01
3

མཁྱེན་པ་ཉིད་དུ་དགོངས་པ་{མྱི་,མི་}མཛད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གནས་མང་པོར་ཡང་བསླབ་པར་བགྱི་ལ་གང་ལ་ཡང་བསླབ་པར་{མྱི་,མི་}བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་

D8.024.0091b03.01
4

དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གནས་མང་པོར་ཡང་བསླབ་པར་བྱ་སྟེ། གང་ལ་ཡང་བསླབ་པར་{མྱི་,མི་}བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།

D8.024.0091b04.01
5

བསླབ་པར་བྱ་བའི་ཆོས་དེ་དག་{མྱི་,མི་}{དམྱིགས་,དམིགས་}སོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པས་ཆོས་འདི་དག་མདོ་དང་རྒྱས་པར་བསྟན་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་

D8.024.0091b05.01
6

ཆུབ་ཏུ་མངོན་པར་འཚང་རྒྱ་བར་འཚལ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་མདོ་དང་རྒྱས་པར་ཀུན་ཆུབ་པར་བགྱིའོ། །ཀུན་ཆུབ་པར་བགྱིས་ནས། ཚིག་གིས་ཤིན་ཏུ་གོམས་པར་བགྱིའོ། །ཚིག་གིས་ཤིན་ཏུ་གོམས་པར་བགྱིས་ནས། ཡིད་ཀྱིས་

D8.024.0091b06.01
7

རྟོགས་པར་བགྱིའོ། །དེ་འདི་ཅི་ནས་ཀྱང་སེམས་དང་སེམས་ལས་བྱུང་བའི་ཆོས་{མྱི་,མི་}རྒྱུ་བ་དེ་ལྟར་རྟོགས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མདོ་དང་རྒྱས་པར་བསྟན་པ་

D8.024.0091b07.01