完整藏文原文 · 德格版页 当前仅加载第 24 函德格 222b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དག་ཀྱང་སྒྲིབ་པར་{མྱི་,མི་}འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་{མྱེད་,མེད་}པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པ་དང་། མངོན་པར་མ་གྲུབ་པར་
D8.024.0222b01.01མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་ན། ཡང་ཆོས་ཐམས་ཅད་ནི་ནུས་པ་གང་ཡང་{མྱེད་,མེད་}པའོ་ཞེས་བྱ་བར་འདུ་བྱེད་{མྱེད་,མེད་}པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་པར་
D8.024.0222b02.01འཕེལ་བར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་གཞན་དུ་ན། སེམས་ཅན་ཐམས་ཅད་
D8.024.0222b03.01ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པར། ཚུལ་ཁྲིམས་ཀྱི་འབྲས་བུ་གང་འཁོར་བར་ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་{མྱེད་,མེད་}དོ། །
D8.024.0222b04.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་བདུན་ནོ།། །།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
D8.024.0222b05.01སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བཟོད་པ་སྒོམ་སྟེ། དེ་ལ་འདོད་ཆགས་ཀྱི་སེམས་སྒྲིབ་པར་{མྱི་,མི་}འགྱུར། ཞེ་སྡང་སྒྲིབ་པར་{མྱི་,མི་}འགྱུར། གཏི་མུག་སྒྲིབ་པར་{མྱི་,མི་}འགྱུར།
D8.024.0222b06.01བག་ལ་ཉལ་བ་སྒྲིབ་པར་{མྱི་,མི་}འགྱུར། ཀུན་ནས་ལྡང་བ་སྒྲིབ་པར་{མྱི་,མི་}འགྱུར་ཏེ། {མྱི་,མི་}དགེ་བའི་ཆོས་གཞན་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་འདི་ལྟ་སྟེ། སེར་སྣ་འམ། ཚུལ་ཁྲིམས་ངན་པ་འམ། འཁྲུག་པའི་སེམས་སམ། ལེ་ལོའི་སེམས་སམ།
D8.024.0222b07.01