藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 75b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དབེན་པ་འམ་{མྱི་,མི་}དབེན་པར་མངོན་པར་ཆགས་པ་{མྱེད་,མེད་}དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་དབེན་པ་འམ་{མྱི་,མི་}དབེན་པར་མངོན་པར་ཆགས་པ་{མྱེད་,མེད་}དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དབེན་པ་འམ་{མྱི་,མི་}དབེན་པར་མངོན་པར་ཆགས་པ་{མྱེད་,མེད་}དོ། །ལན་ཅིག་

D8.024.0075b01.01
2

ཕྱིར་འོང་བའི་འབྲས་བུ་དབེན་པ་འམ་{མྱི་,མི་}དབེན་པར་མངོན་པར་ཆགས་པ་{མྱེད་,མེད་}དོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་དབེན་པ་འམ་{མྱི་,མི་}དབེན་པར་མངོན་པར་ཆགས་པ་{མྱེད་,མེད་}དོ། །དགྲ་བཅོམ་པ་ཉིད་དབེན་པ་འམ་{མྱི་,མི་}དབེན་པར་མངོན་པར་ཆགས་པ་{མྱེད་,མེད་}དོ། །རང་བྱང་

D8.024.0075b02.01
3

ཆུབ་དབེན་པ་འམ་{མྱི་,མི་}དབེན་པར་མངོན་པར་ཆགས་པ་{མྱེད་,མེད་}དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་{མྱེད་,མེད་}དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་

D8.024.0075b03.01
4

ཞེ་ན། རང་བཞིན་{མྱེད་,མེད་}པའི་ཆོས་ནི་རྟག་ཅེས་བྱ་བ་འམ། {མྱི་,མི་}རྟག་ཅེས་བྱ་བ་འམ། བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། བདག་ཡོད་ཅེས་བྱ་བ་འམ་བདག་{མྱེད་,མེད་}ཅེས་བྱ་བ་འམ། ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བ་འམ། སྟོང་ཞེས་བྱ་བ་འམ་{མྱི་,མི་}སྟོང་

D8.024.0075b04.01
5

ཞེས་བྱ་བ་འམ། མཚན་མ་ཡོད་ཅེས་བྱ་བ་འམ། མཚན་མ་{མྱེད་,མེད་}ཅེས་བྱ་བ་འམ། སྨོན་པ་ཡོད་ཅེས་བྱ་བ་འམ། སྨོན་པ་{མྱེད་,མེད་}ཅེས་བྱ་བ་འམ། དབེན་ཞེས་བྱ་བ་འམ། {མྱི་,མི་}དབེན་ཞེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་{མྱི་,མི་}ནུས་སོ། །ངོ་བོ་ཉིད་ནི་

D8.024.0075b05.01
6

ངོ་བོ་ཉིད་ཀྱིས་མངོན་པར་བསྒྲུབ་པར་{མྱི་,མི་}ནུས་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བཟོད་པའི་

D8.024.0075b06.01
7

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་

D8.024.0075b07.01