藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 152a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པར་ཐར་པ་བརྒྱད་དང་། རྣམ་པར་ཐར་པ་བརྒྱད་སྒོམ་པ་{མྱེད་,མེད་}པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་པ་{མྱེད་,མེད་}པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་

D8.024.0152a01.01
2

མཚན་མ་{མྱེད་,མེད་}པ་དང་། །སྨོན་པ་{མྱེད་,མེད་}པ་དང་། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་སྒོམ་པ་{མྱེད་,མེད་}པ་དང་། མངོན་པར་ཤེས་པ་རྣམས་དང་། མངོན་པར་ཤེས་པ་རྣམས་སྒོམ་པ་མེད་པ་དང་། ཏིང་ངེ་འཛིན་རྣམས་དང་། ཏིང་ངེ་

D8.024.0152a02.01
3

འཛིན་རྣམས་སྒོམ་པ་{མྱེད་,མེད་}པ་དང་། གཟུངས་ཀྱི་སྒོ་རྣམས་དང་། གཟུངས་ཀྱི་སྒོ་རྣམས་སྒོམ་པ་{མྱེད་,མེད་}པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་པ་{མྱེད་,མེད་}པ་དང་། {མྱི་,མི་}འཇིགས་པ་བཞི་དང་། {མྱི་,མི་}འཇིགས་པ་བཞི་སྒོམ་

D8.024.0152a03.01
4

པ་{མྱེད་,མེད་}པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་པ་{མྱེད་,མེད་}པ་དང་། བྱམས་པ་ཆེན་པོ་དང་། བྱམས་པ་ཆེན་པོ་སྒོམ་པ་{མྱེད་,མེད་}པ་དང་། སྙིང་རྗེ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་སྒོམ་པ་{མྱེད་,མེད་}པ་དང་། སངས་རྒྱས་ཀྱི་ཆོས་མ་

D8.024.0152a04.01
5

འདྲེས་པ་{བཅྭོ་,བཅོ་}བརྒྱད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་སྒོམ་པ་{མྱེད་,མེད་}པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། རྒྱུན་ཏུ་ཞུགས་པ་{མྱེད་,མེད་}པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་{མྱེད་,མེད་}པ་དང་། ཕྱིར་མི་འོང་བའི་

D8.024.0152a05.01
6

འབྲས་བུ་དང་། ཕྱིར་{མྱི་,མི་}འོང་བ་{མྱེད་,མེད་}པ་དང་། དགྲ་བཅོམ་པ་ཉིད་དང་། དགྲ་བཅོམ་པ་{མྱེད་,མེད་}པ་དང་། རང་བྱང་ཆུབ་དང་། རང་སངས་རྒྱས་{མྱེད་,མེད་}པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། བྱང་ཆུབ་སེམས་དཔའ་{མྱེད་,མེད་}པ་དང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་

D8.024.0152a06.01
7

པའི་བྱང་ཆུབ་དང་། སངས་རྒྱས་{མྱེད་,མེད་}པ་སྟེ། རབ་འབྱོར་འདི་དག་ནི་གཉིས་སུ་{མྱེད་,མེད་}པའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། {དམྱིགས་,དམིགས་}སུ་མཆིས་པ་{མྱི་,མི་}{དམྱིགས་,དམིགས་}སམ། མ་ལགས་ཏེ། {དམྱིགས་,དམིགས་}སུ་མ་མཆིས་པ་{མྱི་,མི་}{དམྱིགས,དམིགས}། བཅོམ་ལྡན་འདས་ཀྱིས་

D8.024.0152a07.01