完整藏文原文 · 德格版页 当前仅加载第 24 函德格 398b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བརྙན་ལྟ་བུ་སྟེ། མཚན་ཉིད་{མྱེད་,མེད་}པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ། མཚན་ཉིད་{མྱེད་,མེད་}པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། སྤྲུལ་པ་ལྟ་བུ་སྟེ། མཚན་ཉིད་{མྱེད་,མེད་}པའོ། །དེ་ཅིའི་ཕྱིར་ཞེ་ན། {རྨྱི་,རྨི་}
D8.024.0398b01.01ལམ་ལ་རང་བཞིན་གང་ཡང་{མྱེད་,མེད་}དོ། །སྒྱུ་མ་ལ་རང་བཞིན་གང་ཡང་{མྱེད་,མེད་}དོ། །སྨིག་རྒྱུ་ལ་རང་བཞིན་གང་ཡང་{མྱེད་,མེད་}དོ། །ཆུ་ཟླ་ལ་རང་བཞིན་གང་ཡང་{མྱེད་,མེད་}དོ། །{མྱིག་,མིག་}ཡོར་ལ་རང་བཞིན་གང་ཡང་{མྱེད་,མེད་}དོ། །སྒྲ་བརྙན་ལ་རང་བཞིན་གང་ཡང་
D8.024.0398b02.01{མྱེད་,མེད་}དོ། །གཟུགས་བརྙན་ལ་རང་བཞིན་གང་ཡང་{མྱེད་,མེད་}དོ། །དྲི་ཟའི་གྲོང་ཁྱེར་ལ་རང་བཞིན་གང་ཡང་{མྱེད་,མེད་}དོ། །སྤྲུལ་པ་ལ་རང་བཞིན་གང་ཡང་{མྱེད་,མེད་}དོ། །གང་ལ་རང་བཞིན་{མྱེད་,མེད་}པ་དེ་ལ་མཚན་ཉིད་{མྱེད་,མེད་}དོ། །གང་ལ་མཚན་ཉིད་{མྱེད་,མེད་}པ་
D8.024.0398b03.01དེ་ནི། འདི་ལྟར་མཚན་ཉིད་{མྱེད་,མེད་}པར་མཚན་ཉིད་གཅིག་པའོ་ཞེས་བྱ་བར་རྟོགས་པར་བྱེད་དེ། རབ་འབྱོར་རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། སྦྱིན་པ་ནི་མཚན་ཉིད་{མྱེད་,མེད་}པའོ། །གཏོང་བ་ནི་མཚན་ཉིད་{མྱེད་,མེད་}པའོ། །
D8.024.0398b04.01ལེན་པ་ནི་མཚན་ཉིད་{མྱེད་,མེད་}པའོ་ཞེས་བྱ་བར་ཤེས་པར་བྱ་སྟེ། གང་དེ་ལྟར་ཤེས་ནས་སྦྱིན་པ་གཏོང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཏེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ན། ཚུལ་
D8.024.0398b05.01ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་{མྱི་,མི་}ལྡོག་གོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་{མྱི་,མི་}ལྡོག་གོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་{མྱི་,མི་}ལྡོག་གོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་{མྱི་,མི་}ལྡོག་གོ། ཤེས་རབ་ཀྱི་ཕ་
D8.024.0398b06.01རོལ་ཏུ་ཕྱིན་པ་ལས་ཕྱིར་{མྱི་,མི་}ལྡོག་གོ། དེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལ་གནས་ཤིང་། བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་{མྱེད་,མེད་}པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་
D8.024.0398b07.01