完整藏文原文 · 德格版页 当前仅加载第 24 函德格 401a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བསམ་གཏན་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་ཚད་{མྱེད་,མེད་}པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཚད་{མྱེད་,མེད་}པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱིས་
D8.024.0401a01.01ཡོངས་སུ་བསྡུ་བ་དེ་དག་ཀྱང་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་རྣམ་པར་ཐར་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་རྣམ་པར་ཐར་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་མཐར་ཀྱིས་
D8.024.0401a02.01གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་
D8.024.0401a03.01{མྱེད་,མེད་}པས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པས་ཡོངས་སུ་སྡུད་དོ། །གང་མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། མངོན་པར་ཤེས་
D8.024.0401a04.01པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། གཟུངས་ཀྱི་སྒོ་རྣམས་ཀྱིས་
D8.024.0401a05.01ཡོངས་སུ་སྡུད་དོ། །གང་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་{མྱི་,མི་}འཇིགས་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་།
D8.024.0401a06.01{མྱི་,མི་}འཇིགས་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་བྱམས་པ་ཆེན་པོས་ཡོངས་སུ་བསྡུ་བ་དེ་དག་ཀྱང་
D8.024.0401a07.01