藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 159b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །རྣམ་པར་ཐར་པ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དོན་ཏུ་ཤེས་རབ་

D8.024.0159b01.01
2

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་མེད་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །མངོན་པར་ཤེས་པ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །

D8.024.0159b02.01
3

ཏིང་ངེ་འཛིན་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་

D8.024.0159b03.01
4

དོ། །{མྱི་,མི་}འཇིགས་པ་བཞིའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །སོ་སོ་ཡང་དག་པར་རིག་པ་བཞིའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །བྱམས་པ་ཆེན་པོའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །

D8.024.0159b04.01
5

སྙིང་རྗེ་ཆེན་པོའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་

D8.024.0159b05.01
6

དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །དགྲ་བཅོམ་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །རང་

D8.024.0159b06.01
7

བྱང་ཆུབ་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །གསོལ་

D8.024.0159b07.01