藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 210a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བ་དེ་ལྟར་སྤྱོད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ།

D8.024.0210a01.01
2

ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་

D8.024.0210a02.01
3

བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །སའི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་

D8.024.0210a03.01
4

དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །ཆུའི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །{མྱེའི་,མེའི་}ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}

D8.024.0210a04.01
5

འགྱུར་བ་དེ་ལྟར་སྤྱོད་དོ། །རླུང་གི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །ནམ་མཁའི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །

D8.024.0210a05.01
6

རྣམ་པར་ཤེས་པའི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །མ་རིག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །འདུ་བྱེད་སྟོང་པ་ཞེས་བྱ་

D8.024.0210a06.01
7

བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་{མྱི་,མི་}འགྱུར་བ་དེ་ལྟར་སྤྱོད་དོ། །{མྱིང་,མིང་}དང་གཟུགས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་

D8.024.0210a07.01