完整藏文原文 · 德格版页 当前仅加载第 24 函德格 372b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་
D8.024.0372b01.01{མྱི་,མི་}མཐོང་ངོ་། །དེས་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཚོགས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་
D8.024.0372b02.01པར་རྗེས་སུ་མཐོང་ངོ་། །དེས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། དེས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་
D8.024.0372b03.01སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་
D8.024.0372b04.01ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་
D8.024.0372b05.01ཚོགས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་
D8.024.0372b06.01སུ་{མྱི་,མི་}མཐོང་སྟེ། དེས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྐྱེ་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །
D8.024.0372b07.01