藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 88a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་མཛད་དེ། ཅི་ནས་ཀྱང་བསམ་གཏན་{མྱི་,མི་}{དམྱིགས་,དམིགས་}པ་དེ་ལྟར་དགོངས་པ་མཛད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཤེས་རབ་{མྱི་,མི་}{དམྱིགས་,དམིགས་}པ་དེ་ལྟར་དགོངས་པ་མཛད་དོ། །ནང་སྟོང་པ་ཉིད་སྤྱོད་

D8.024.0088a01.01
2

པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ནང་སྟོང་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}པ་དེ་ལྟར་དགོངས་པ་མཛད་དོ། །ཕྱི་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཕྱི་སྟོང་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}པ་དེ་ལྟར་དགོངས་པ་མཛད་དོ། །ཕྱི་ནང་སྟོང་པ་ཉིད་སྤྱོད་པ་ལ་དགོངས་

D8.024.0088a02.01
3

པ་མཛད་དེ། ཅི་ནས་ཀྱང་ཕྱི་ནང་སྟོང་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}པ་དེ་ལྟར་དགོངས་པ་མཛད་དོ། །སྟོང་པ་ཉིད་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}པ་དེ་ལྟར་དགོངས་པ་མཛད་དོ། །ཆེན་པོ་སྟོང་པ་ཉིད་སྤྱོད་

D8.024.0088a03.01
4

པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཆེན་པོ་སྟོང་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}པ་དེ་ལྟར་དགོངས་པ་མཛད་དོ། །དོན་དམ་པ་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་དོན་དམ་པ་སྟོང་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}པ་དེ་ལྟར་དགོངས་པ་མཛད་དོ། །འདུས་བྱས་

D8.024.0088a04.01
5

སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་འདུས་བྱས་སྟོང་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}པ་དེ་ལྟར་དགོངས་པ་མཛད་དོ། །འདུས་མ་བྱས་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་འདུས་མ་བྱས་སྟོང་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}པ་དེ་ལྟར་དགོངས་པ་

D8.024.0088a05.01
6

མཛད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}པ་དེ་ལྟར་དགོངས་པ་མཛད་དོ། །ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་

D8.024.0088a06.01
7

ཀྱང་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}པ་དེ་ལྟར་དགོངས་པ་མཛད་དོ། །དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}པ་དེ་ལྟར་དགོངས་པ་མཛད་དོ། །རང་བཞིན་སྟོང་པ་ཉིད་སྤྱོད་པ་

D8.024.0088a07.01