shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 297b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 297b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 24 函 · 德格 297b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文པ་ཆེན་པོ་དང་ལྡན་པར་གྱུར། སྙིང་རྗེ་ཆེན་པོ་དང་ལྡན་པར་གྱུར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་དང་ལྡན་པར་གྱུར་ནས། སེམས་ཅན་རྣམས་ཕུང་པོ་གསུམ་དུ་ལུང་བསྟན་པར་གྱུར་ཏོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་བསམ་གཏན་བཞི་བསྐྱེད་པར་གྱུར། ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་མངོན་པར་ཤེས་པ་དྲུག་བསྐྱེད་
པར་གྱུར། ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྐྱེད་པར་གྱུར། ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་{མྱི་,མི་}འཇིགས་པ་བཞི་བསྐྱེད་པར་གྱུར། ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་བསྐྱེད་པར་གྱུར། ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་བྱམས་པ་ཆེན་པོ་བསྐྱེད་པར་གྱུར། ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་སྙིང་རྗེ་ཆེན་པོ་བསྐྱེད་པར་གྱུར། ཇི་ལྟར་དངོས་པོ་མ་
མཆིས་པའི་ངོ་བོ་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་བསྐྱེད་པར་གྱུར། སེམས་ཅན་རྣམས་ཀྱང་སེམས་ཅན་མ་མཆིས་པར་ཇི་ལྟར་ཕུང་པོ་གསུམ་དུ་ལུང་བསྟན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་འདོད་པ་རྣམས་དང་སྡིག་ཏོ་{མྱི་,མི་}དགེ་བའི་ཆོས་རྣམས་ལ་དངོས་པོ་ཞིག་ཡོད་དེ། ངོ་བོ་ཉིད་ཡོད་པ་འམ། གཞན་གྱི་དངོས་པོ་ཞིག་ཡོད་ན་ནི། རབ་འབྱོར་ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། འདོད་པ་རྣམས་
དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྡིག་ཏོ་{མྱི་,མི་}དགེ་བའི་ཆོས་རྣམས་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་དུ་རིག་ནས། བསམ་གཏན་བཞི་ཉེ་བར་བསྒྲུབས་ཏེ་གནས་པར་ཡང་{མྱི་,མི་}འགྱུར་ཏེ། རབ་འབྱོར་འདི་ལྟར་འདོད་པ་རྣམས་དང་། སྡིག་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 297b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。