藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 324a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་ཐམས་ཅད་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་ལ་ཡོད་པ་འམ། {མྱེད་,མེད་}པ་ཞིག་{དམྱིགས་,དམིགས་}སུ་ཡོད་སྙམ་མམ། རབ་འབྱོར་ཀྱིས་གསོལ་པ།

D8.024.0324a01.01
2

བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་མཆིས་པ་འམ། མ་མཆིས་པ་{མྱི་,མི་}{དམྱིགས་,དམིགས་}སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་ཅིའི་ཕྱིར། ཁྱོད་དེ་

D8.024.0324a02.01
3

ལྟར་གལ་ཏེ་ཆོས་ཐམས་ཅད་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་ཡིན་ན། གཟུགས་ཀྱང་{མྱེད,མེད}། ཚོར་བ་ཡང་{མྱེད,མེད}། འདུ་ཤེས་ཀྱང་{མྱེད,མེད}། འདུ་བྱེད་ཀྱང་{མྱེད,མེད}། རྣམ་པར་ཤེས་པ་ཡང་{མྱེད,མེད}། {མྱིག་,མིག་}ཀྱང་{མྱེད,མེད}། རྣ་བ་ཡང་{མྱེད,མེད}། སྣ་ཡང་

D8.024.0324a03.01
4

{མྱེད,མེད}། ལྕེ་ཡང་{མྱེད,མེད}། ལུས་ཀྱང་{མྱེད,མེད}། ཡིད་ཀྱང་{མྱེད,མེད}། གཟུགས་ཀྱང་{མྱེད,མེད}། སྒྲ་ཡང་མེད། དྲི་ཡང་{མྱེད,མེད}། རོ་ཡང་{མྱེད,མེད}། རེག་ཀྱང་{མྱེད,མེད}། ཆོས་ཀྱང་{མྱེད,མེད}། {མྱིག་,མིག་}གི་རྣམ་པར་ཤེས་པ་ཡང་{མྱེད,མེད}། རྣ་བའི་རྣམ་པར་ཤེས་པ་ཡང་

D8.024.0324a04.01
5

{མྱེད,མེད}། སྣའི་རྣམ་པར་ཤེས་པ་ཡང་{མྱེད,མེད}། ལྕེའི་རྣམ་པར་ཤེས་པ་ཡང་{མྱེད,མེད}། ལུས་ཀྱི་རྣམ་པར་ཤེས་པ་ཡང་{མྱེད,མེད}། ཡིད་ཀྱི་རྣམ་པར་ཤེས་པ་ཡང་{མྱེད,མེད}། {མྱིག་,མིག་}གི་འདུས་ཏེ་རེག་པ་ཡང་{མྱེད,མེད}། རྣ་བའི་འདུས་ཏེ་རེག་པ་ཡང་

D8.024.0324a05.01
6

{མྱེད,མེད}། སྣའི་འདུས་ཏེ་རེག་པ་ཡང་{མྱེད,མེད}། ལྕེའི་འདུས་ཏེ་རེག་པ་ཡང་མེད། ལུས་ཀྱི་འདུས་ཏེ་རེག་པ་ཡང་{མྱེད,མེད}། ཡིད་ཀྱི་འདུས་ཏེ་རེག་པ་ཡང་{མྱེད,མེད}། {མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་{མྱེད,མེད}། རྣ་བའི་འདུས་ཏེ་

D8.024.0324a06.01
7

རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་{མྱེད,མེད}། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་{མྱེད,མེད}། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་{མྱེད,མེད}། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་{མྱེད,མེད}། ཡིད་ཀྱི་འདུས་ཏེ་རེག་པའི་

D8.024.0324a07.01