藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 129a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ལྕེ་ཞི་བ་དང་། ལྕེ་རག་ལས་པ་དང་། ལྕེ་གསོག་དང་། ལྕེ་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ལུས་ཞི་བ་དང་། ལུས་རག་ལས་པ་དང་། ལུས་

D8.024.0129a01.01
2

གསོག་དང་། ལུས་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཡིད་ཞི་བ་དང་། ཡིད་རག་ལས་པ་དང་། ཡིད་གསོག་དང་། ཡིད་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གཟུགས་ཞི་བ་དང་། གཟུགས་རག་

D8.024.0129a02.01
3

ལས་པ་དང་། གཟུགས་གསོག་དང་། གཟུགས་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སྒྲ་ཞི་བ་དང་། སྒྲ་རག་ལས་པ་དང་། སྒྲ་གསོག་དང་། སྒྲ་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །དྲི་ཞི་བ་དང་། དྲི་

D8.024.0129a03.01
4

རག་ལས་པ་དང་། དྲི་གསོག་དང་། དྲི་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རོ་ཞི་བ་དང་། རོ་རག་ལས་པ་དང་། རོ་གསོག་དང་། རོ་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རེག་ཞི་བ་དང་།

D8.024.0129a04.01
5

རེག་རག་ལས་པ་དང་། རེག་གསོག་དང་། རེག་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཆོས་ཞི་བ་དང་། ཆོས་རག་ལས་པ་དང་། ཆོས་གསོག་དང་། ཆོས་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །{མྱིག་,མིག་}

D8.024.0129a05.01
6

གི་རྣམ་པར་ཤེས་པ་ཞི་བ་དང་། {མྱིག་,མིག་}གི་རྣམ་པར་ཤེས་པ་རག་ལས་པ་དང་། {མྱིག་,མིག་}གི་རྣམ་པར་ཤེས་པ་གསོག་དང་། {མྱིག་,མིག་}གི་རྣམ་པར་ཤེས་པ་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རྣ་བའི་རྣམ་པར་ཤེས་པ་ཞི་བ་དང་། རྣ་བའི་

D8.024.0129a06.01
7

རྣམ་པར་ཤེས་པ་རག་ལས་པ་དང་། རྣ་བའི་རྣམ་པར་ཤེས་པ་གསོག་དང་། རྣ་བའི་རྣམ་པར་ཤེས་པ་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སྣའི་རྣམ་པར་ཤེས་པ་ཞི་བ་དང་། སྣའི་རྣམ་པར་ཤེས་པ་རག་ལས་པ་དང་། སྣའི་རྣམ་

D8.024.0129a07.01