藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 150b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་དང་། རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པར་བྱེད་པ་{མྱེད་,མེད་}པ་དང་། {མྱིག་,མིག་}གི་རྣམ་པར་ཤེས་པ་དང་། {མྱིག་,མིག་}གི་རྣམ་པར་ཤེས་པ་ཅན་{མྱེད་,མེད་}པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་ཅན་{མྱེད་,མེད་}པ་དང་། སྣའི་རྣམ་པར་ཤེས་པ་དང་།

D8.024.0150b01.01
2

སྣའི་རྣམ་པར་ཤེས་པ་ཅན་{མྱེད་,མེད་}པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་ཅན་{མྱེད་,མེད་}པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་ཅན་{མྱེད་,མེད་}པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་

D8.024.0150b02.01
3

ཅན་{མྱེད་,མེད་}པ་དང་། {མྱིག་,མིག་}གི་འདུས་ཏེ་རེག་པ་དང་། {མྱིག་,མིག་}གི་འདུས་ཏེ་རེག་པ་ཅན་{མྱེད་,མེད་}པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་ཅན་{མྱེད་,མེད་}པ་དང་། སྣའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་ཅན་{མྱེད་,མེད་}པ་དང་། ལྕེའི་འདུས་ཏེ་

D8.024.0150b03.01
4

རེག་པ་དང་། ལྕེའི་འདུས་ཏེ་རེག་པ་ཅན་{མྱེད་,མེད་}པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ཅན་{མྱེད་,མེད་}པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ཅན་{མྱེད་,མེད་}པ་དང་། {མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་།

D8.024.0150b04.01
5

{མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་{མྱེད་,མེད་}པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་{མྱེད་,མེད་}པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་།

D8.024.0150b05.01
6

སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་{མྱེད་,མེད་}པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་{མྱེད་,མེད་}པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་།

D8.024.0150b06.01
7

ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་{མྱེད་,མེད་}པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་{མྱེད་,མེད་}པ་དང་། སའི་ཁམས་དང་། སའི་ཁམས་ཡོངས་སུ་

D8.024.0150b07.01