藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 367b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། {མྱིག་,མིག་}གི་སྐྱེ་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་{མྱིག་,མིག་}གི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། {མྱིག་,མིག་}གི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་{མྱིག་,མིག་}གི་སྐྱེ་བའི་སྒོ་ཡང་དག་པར་

D8.024.0367b01.01
2

རྗེས་སུ་མ་མཐོང་བས། {མྱིག་,མིག་}གི་ཚོགས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་རྣ་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། དེས་

D8.024.0367b02.01
3

རྣ་བའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣ་བའི་སྐྱེ་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་རྣ་བའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣ་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་

D8.024.0367b03.01
4

ངོ་། །དེས་རྣ་བའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། རྣ་བའི་ཚོགས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་སྣའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་

D8.024.0367b04.01
5

ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། དེས་སྣའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། སྣའི་སྐྱེ་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་སྣའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། སྣའི་སྐྱེ་བའི་སྒོ་

D8.024.0367b05.01
6

ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་སྣའི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། སྣའི་ཚོགས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་ལྕེའི་ཡང་དག་

D8.024.0367b06.01
7

པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། དེས་ལྕེའི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། ལྕེའི་སྐྱེ་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་ལྕེའི་སྐྱེ་བ་ཡང་དག་པར་རྗེས་སུ་མ་

D8.024.0367b07.01