藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 60a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འཕགས་པའི་ལམ་ཡན་ལག་བརྒྱད་པ་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །འཕགས་པའི་བདེན་པ་བཞི་བདེ་བའམ་སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །བསམ་གཏན་བཞི་བདེ་བ་འམ་སྡུག་

D8.024.0060a01.01
2

བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །ཚད་མེད་པ་བཞི་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་བཞི་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །རྣམ་པར་

D8.024.0060a02.01
3

ཐར་པ་བརྒྱད་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་

D8.024.0060a03.01
4

དང་། སྨོན་པ་{མྱེད་,མེད་}པ་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །མངོན་པར་ཤེས་པ་རྣམས་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །ཏིང་ངེ་འཛིན་རྣམས་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་

D8.024.0060a04.01
5

{མྱེད་,མེད་}དོ། །གཟུངས་ཀྱི་སྒོ་རྣམས་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །{མྱི་,མི་}འཇིགས་པ་བཞི་བདེ་བ་འམ་སྡུག་བསྔལ་བར་མངོན་

D8.024.0060a05.01
6

པར་ཆགས་པ་མེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །སྙིང་རྗེ་ཆེན་པོ་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་བདེ་བ་འམ་

D8.024.0060a06.01
7

སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་{མྱེད་,མེད་}དོ། །ཕྱིར་{མྱི་,མི་}འོང་བའི་

D8.024.0060a07.01