完整藏文原文 · 德格版页 当前仅加载第 24 函德格 131a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པ་རག་ལས་པ་དང་། རྣམ་པར་ཤེས་པ་གསོག་དང་། རྣམ་པར་ཤེས་པ་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །{མྱིང་,མིང་}དང་གཟུགས་ཞི་བ་དང་། {མྱིང་,མིང་}དང་གཟུགས་རག་ལས་པ་དང་། {མྱིང་,མིང་}དང་གཟུགས་
D8.024.0131a01.01གསོག་དང་། {མྱིང་,མིང་}དང་གཟུགས་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སྐྱེ་མཆེད་དྲུག་ཞི་བ་དང་། སྐྱེ་མཆེད་དྲུག་རག་ལས་པ་དང་། སྐྱེ་མཆེད་དྲུག་གསོག་དང་། སྐྱེ་མཆེད་དྲུག་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
D8.024.0131a02.01ལ་སྤྱད་པར་བྱའོ། །རེག་པ་ཞི་བ་དང་། རེག་པ་རག་ལས་པ་དང་། རེག་པ་གསོག་དང་། རེག་པ་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཚོར་བ་ཞི་བ་དང་། ཚོར་བ་རག་ལས་པ་དང་། ཚོར་བ་གསོག་དང་། ཚོར་བ་སྙིང་
D8.024.0131a03.01པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སྲེད་པ་ཞི་བ་དང་། སྲེད་པ་རག་ལས་པ་དང་། སྲེད་པ་གསོག་དང་། སྲེད་པ་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ལེན་པ་ཞི་བ་དང་། ལེན་པ་རག་ལས་
D8.024.0131a04.01པ་དང་། ཕེན་པ་གསོག་དང་། ལེན་པ་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སྲིད་པ་ཞི་བ་དང་། སྲིད་པ་རག་ལས་པ་དང་། སྲིད་པ་གསོག་དང་། སྲིད་པ་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་
D8.024.0131a05.01བྱའོ། །སྐྱེ་བ་ཞི་བ་དང་། སྐྱེ་བ་རག་ལས་པ་དང་། སྐྱེ་བ་གསོག་དང་། སྐྱེ་བ་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རྒ་ཤི་ཞི་བ་དང་། རྒ་ཤི་རག་ལས་པ་དང་། རྒ་ཤི་གསོག་དང་། རྒ་ཤི་སྙིང་པོ་{མྱེད་,མེད་}པས་ཤེས་རབ་ཀྱི་ཕ་
D8.024.0131a06.01རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གང་ཡང་འདི་སྐད་དུ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་ཞེས་ཟེར་བ་ནི། ནམ་མཁའ་སྟོང་པ་ཉིད་མངོན་པར་བསྒྲུབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །
D8.024.0131a07.01