完整藏文原文 · 德格版页 当前仅加载第 24 函德格 385b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཡང་དག་པར་རྗེས་སུ་མ་མཐོང་བས། གཟུངས་ཀྱི་སྒོ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་དེ་བཞིན་གཤེགས་པའི་སྟོབས་རྣམས་
D8.024.0385b01.01ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་བཞིན་གཤེགས་པའི་
D8.024.0385b02.01སྟོབས་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་
D8.024.0385b03.01མི་མཐོང་ངོ་། །དེས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། གསོབ་ཉིད་དང་། གསོག་
D8.024.0385b04.01ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་{མྱི་,མི་}འཇིགས་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། དེས་{མྱི་,མི་}འཇིགས་པ་རྣམས་ཀྱི་ཡང་དག་པ་དང་། ཡོངས་སུ་གྲུབ་པ་ཡང་
D8.024.0385b05.01དག་པར་རྗེས་སུ་མ་མཐོང་བས། {མྱི་,མི་}འཇིགས་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་མི་འཇིགས་པ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས། {མྱི་,མི་}འཇིགས་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་
D8.024.0385b06.01རྗེས་སུ་{མྱི་,མི་}མཐོང་ངོ་། །དེས་{མྱི་,མི་}འཇིགས་པ་རྣམས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མ་མཐོང་བས། {མྱི་,མི་}འཇིགས་པ་རྣམས་ཀྱི་ཚོགས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དུ་ཡང་དག་
D8.024.0385b07.01