shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 218a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 218a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 24 函 · 德格 218a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ཀྱི་ཡན་ལག་རྣམས་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་འཕགས་པའི་བདེན་པ་རྣམས་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་བསམ་གཏན་རྣམས་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་ཚད་{མྱེད་,མེད་}པ་རྣམས་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་རྣམ་པར་ཐར་པ་རྣམས་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་རྣམ་
པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་མངོན་པར་ཤེས་པ་རྣམས་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་ཏིང་ངེ་འཛིན་རྣམས་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་གཟུངས་ཀྱི་སྒོ་རྣམས་ལ་{མྱི་,མི་}སྤྱོད།གཉིས་ཀྱིས་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་{མྱི་,མི་}འཇིགས་པ་རྣམས་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་སོ་སོ་ཡང་དག་པར་རིག་པ་རྣམས་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་བྱམས་པ་ཆེན་པོ་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་སྙིང་རྗེ་
ཆེན་པོ་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་ཐམས་ཅད་ཤེས་པ་ཉིད་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་{མྱི་,མི་}སྤྱོད། གཉིས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་{མྱི་,མི་}སྤྱོད་ན།འོ་ན་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་མང་པོས་རྣམ་པར་འཕེལ་བར་འགྱུར་བས། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སེམས་སླད་མ་བསྐྱེད་པའི་བར་དུ་དགེ་བའི་རྩ་བ་མང་པོས་རྣམ་པར་འཕེལ་བར་འགྱུར།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སུ་གང་གཉིས་ལ་སྤྱོད་པ་དེ་དག་ནི་དགེ་བའི་རྩ་བས་རྣམ་པར་འཕེལ་བར་{མྱི་,མི་}འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་གཉིས་ལ་རྟེན་པ་སྟེ། དེ་དག་ནི་དགེ་བའི་རྩ་བས་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 218a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。