藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 337a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་བ་ལགས། ཇི་ལྟར་ན་མངོན་པར་ཤེས་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་བ་ལགས། ཇི་ལྟར་ན་ཏིང་ངེ་འཛིན་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་

D8.024.0337a01.01
2

འདུ་ཤེས་སུ་{མྱི་,མི་}འགྱུར་བ་ལགས། ཇི་ལྟར་ན་གཟུངས་ཀྱི་སྒོ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་བ་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་

D8.024.0337a02.01
3

ཤེས་སུ་{མྱི་,མི་}འགྱུར་བ་ལགས། ཇི་ལྟར་ན་{མྱི་,མི་}འཇིགས་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་བ་ལགས། ཇི་ལྟར་ན་སོ་སོ་ཡང་དག་པར་རིག་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་

D8.024.0337a03.01
4

{མྱི་,མི་}འགྱུར་བ་ལགས། ཇི་ལྟར་ན་སྙིང་རྗེ་ཆེན་པོ་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་བ་ལགས། ཇི་ལྟར་ན་སྙིང་རྗེ་ཆེན་པོ་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་བ་ལགས། ཇི་ལྟར་

D8.024.0337a04.01
5

ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་བ་ལགས། ཇི་ལྟར་ན་{མྱི་,མི་}ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་པར་སྒྲུབ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་

D8.024.0337a05.01
6

བ་ལགས། ཇི་ལྟར་ན་དཔེ་བྱད་བཟང་པོ་བརྒྱད་ཅུ་མངོན་པར་སྒྲུབ་པ་དང་། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

D8.024.0337a06.01
7

པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།

D8.024.0337a07.01