shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 154a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 154a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 24 函 · 德格 154a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །འདི་དག་ནི་མི་འཇིགས་པ་བཞིའོ། །འདི་དག་ནི་སོ་སོ་ཡང་དག་པར་རིག་པ་བཞིའོ། །འདི་ནི་བྱམས་པ་ཆེན་པོའོ། །འདི་ནི་སྙིང་རྗེ་ཆེན་པོའོ། །འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་དོ། །འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འདི་ནི་ཕྱིར་{མྱི་,མི་}འོང་བའི་འབྲས་བུའོ། །འདི་ནི་དགྲ་བཅོམ་པ་ཉིད་དོ། །འདི་ནི་རང་བྱང་ཆུབ་བོ། །འདི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །
འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་བགྱི་བར། ཆོས་ཐམས་ཅད་རབ་ཏུ་རྟོགས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་བྱས་པས་གཟུགས་{དམྱིགས་,དམིགས་}པར་འགྱུར་བ་དང་། ཚོར་བ་{དམྱིགས་,དམིགས་}པར་འགྱུར་བ་དང་། འདུ་ཤེས་དམིགས་པར་འགྱུར་བ་དང་། འདུ་བྱེད་{དམྱིགས་,དམིགས་}པར་འགྱུར་བ་དང་། རྣམ་པར་ཤེས་པ་{དམྱིགས་,དམིགས་}པར་འགྱུར་བ་དང་།
{མྱིག་,མིག་}{དམྱིགས་,དམིགས་}པར་འགྱུར་བ་དང་། རྣ་བ་{དམྱིགས་,དམིགས་}པར་འགྱུར་བ་དང་། སྣ་{དམྱིགས་,དམིགས་}པར་འགྱུར་བ་དང་། ལྕེ་{དམྱིགས་,དམིགས་}པར་འགྱུར་བ་དང་། ལུས་{དམྱིགས་,དམིགས་}པར་འགྱུར་བ་དང་། ཡིད་{དམྱིགས་,དམིགས་}པར་འགྱུར་བ་དང་། གཟུགས་{དམྱིགས་,དམིགས་}པར་འགྱུར་བ་དང་། སྒྲ་{དམྱིགས་,དམིགས་}པར་འགྱུར་བ་དང་། དྲི་{དམྱིགས་,དམིགས་}པར་འགྱུར་བ་དང་། རོ་{དམྱིགས་,དམིགས་}པར་འགྱུར་བ་དང་། རེག་{དམྱིགས་,དམིགས་}པར་འགྱུར་བ་དང་། ཆོས་{དམྱིགས་,དམིགས་}པར་འགྱུར་བ་དང་། {མྱིག་,མིག་}གི་རྣམ་པར་ཤེས་པ་{དམྱིགས་,དམིགས་}པར་འགྱུར་བ་དང་། རྣ་བའི་རྣམ་
པར་ཤེས་པ་{དམྱིགས་,དམིགས་}པར་འགྱུར་བ་དང་། སྣའི་རྣམ་པར་ཤེས་པ་{དམྱིགས་,དམིགས་}པར་འགྱུར་བ་དང་། ལྕེའི་རྣམ་པར་ཤེས་པ་{དམྱིགས་,དམིགས་}པར་འགྱུར་བ་དང་། ལུས་ཀྱི་རྣམ་པར་ཤེས་པ་{དམྱིགས་,དམིགས་}པར་འགྱུར་བ་དང་། ཡིད་ཀྱི་རྣམ་པར་ཤེས་པ་{དམྱིགས་,དམིགས་}
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 154a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。