完整藏文原文 · 德格版页 当前仅加载第 24 函德格 265b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པའི་བདེན་པའི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། ཀུན་འབྱུང་བའི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། འགོག་པའི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། ལམ་འཕགས་པའི་བདེན་པའི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་
D8.024.0265b01.01འམ། རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་དང་། ལུགས་དང་{མྱི་,མི་}མཐུན་པའི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། འདུས་བྱས་ཀྱི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། འདུས་མ་བྱས་ཀྱི་ཁམས་ཀྱི་མཚན་ཉིད་
D8.024.0265b02.01ལ་བསླབ་པར་{མྱི་,མི་}བགྱི་འམ། བཅོམ་ལྡན་འདས་གལ་ཏེ་ཆོས་འདི་དག་གི་མཚན་ཉིད་ལ་བསླབ་པར་{མྱི་,མི་}བགྱི་འམ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ཐམས་ཅད་ཀྱི་མཚན་ཉིད་དང་།
D8.024.0265b03.01འདུ་བྱེད་ཀྱི་མཚན་ཉིད་ལ་བསླབས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་འདའ་བར་འགྱུར། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་མ་འདས་ན། ཇི་ལྟར་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་འགྱུར། བྱང་
D8.024.0265b04.01ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་མ་ཞུགས་ན། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ན། ཇི་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱི། ཆོས་ཀྱི་འཁོར་ལོ་མ་བསྐོར་ན།
D8.024.0265b05.01ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་དགྲོལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ། ཆོས་ལ་ལ་ཞིག་
D8.024.0265b06.01ལ་མཚན་ཉིད་ཡོད་ན་ནི། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མཚན་ཉིད་དེ་ལ་བསླབ་པར་ཡང་འགྱུར་ན། ཆོས་ཐམས་ཅད་ལ་མཚན་ཉིད་{མྱེད་,མེད་}ཅིང་། གཟུགས་{མྱེད་,མེད་}བསྟན་དུ་མེད། ཐོགས་པ་{མྱེད་,མེད་}པ་སྟེ། འདི་
D8.024.0265b07.01