藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 241b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །བྱམས་པ་ཆེན་པོ་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་

D8.024.0241b01.01
2

སེམས་དཔའ་ཆེན་པོའི་སྤྲོས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་ཞེས་བྱ་བ་ནི།

D8.024.0241b02.01
3

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ།། །།ཤེས་

D8.024.0241b03.01
4

རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅོ་ལྔ་པ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་ལ་སྤྱོད་པའི་ཚེ། གཟུགས་རྟག་པ་དང་། {མྱི་,མི་}རྟག་ཅེས་བྱ་བར་{མྱི་,མི་}སྤྲོ་བ་འཕྲོ་བར་

D8.024.0241b04.01
5

{མྱི་,མི་}བྱེད་དོ། །ཚོར་བ་རྟག་པ་དང་{མྱི་,མི་}རྟག་ཅེས་བྱ་བར་{མྱི་,མི་}སྤྲོ་བ་འཕྲོ་བར་{མྱི་,མི་}བྱེད་དོ། །འདུ་ཤེས་རྟག་པ་དང་{མྱི་,མི་}རྟག་ཅེས་བྱ་བར་{མྱི་,མི་}སྤྲོ་བ་འཕྲོ་བར་{མྱི་,མི་}བྱེད་དོ། །འདུ་བྱེད་རྟག་པ་དང་{མྱི་,མི་}རྟག་ཅེས་བྱ་བར་{མྱི་,མི་}སྤྲོ་བ་འཕྲོ་བར་{མྱི་,མི་}བྱེད་དོ། །རྣམ་པར་ཤེས་

D8.024.0241b05.01
6

པ་རྟག་པ་དང་{མྱི་,མི་}རྟག་ཅེས་བྱ་བར་{མྱི་,མི་}སྤྲོ་བ་འཕྲོ་བར་{མྱི་,མི་}བྱེད་དོ། །གཟུགས་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་{མྱི་,མི་}སྤྲོ་བ་འཕྲོ་བར་{མྱི་,མི་}བྱེད་དོ། །ཚོར་བ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་{མྱི་,མི་}སྤྲོ་བ་འཕྲོ་བར་{མྱི་,མི་}བྱེད་དོ། །འདུ་ཤེས་བདེ་བ་དང་སྡུག་

D8.024.0241b06.01
7

བསྔལ་ཞེས་བྱ་བར་{མྱི་,མི་}སྤྲོ་བ་འཕྲོ་བར་{མྱི་,མི་}བྱེད་དོ། །འདུ་བྱེད་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་{མྱི་,མི་}སྤྲོ་བ་འཕྲོ་བར་{མྱི་,མི་}བྱེད་དོ། །རྣམ་པར་ཤེས་པ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བར་{མྱི་,མི་}སྤྲོ་བ་འཕྲོ་བར་{མྱི་,མི་}བྱེད་དོ། །གཟུགས་བདག་དང་བདག་

D8.024.0241b07.01