藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 333b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སུ་ཟིན་པར་སྲུང་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །བཟོད་པ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་རོ། །བརྩོན་འགྲུས་གང་རྩོམ་པ་དེ་

D8.024.0333b01.01
2

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་རྩོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །ཏིང་ངེ་འཛིན་གང་ལ་སྙོམས་པར་འཇུག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྙོམས་པར་འཇུག་སྟེ།

D8.024.0333b02.01
3

དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །ཤེས་རབ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་རོ། །ནང་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་

D8.024.0333b03.01
4

ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་རོ། །ཕྱི་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་རོ། །ཕྱི་ནང་

D8.024.0333b04.01
5

སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་

D8.024.0333b05.01
6

གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་རོ། །ཆེན་པོ་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་

D8.024.0333b06.01
7

རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}འགྱུར་རོ། །འདུས་བྱས་སྟོང་པ་ཉིད་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་{མྱི་,མི་}

D8.024.0333b07.01