藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 147b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཐར་པ་བརྒྱད་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། རྣམ་པར་ཐར་པ་རྣམས་བསྒོམ་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་

D8.024.0147b01.01
2

རྣམས་བསྒོམ་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་{མྱེད་,མེད་}པ་རྣམས་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་

D8.024.0147b02.01
3

བསྒོམ་པར་བྱའོ། །མངོན་པར་ཤེས་པ་རྣམས་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་བསྒོམ་པར་བྱའོ། །ཏིང་ངེ་འཛིན་རྣམས་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་བསྒོམ་པར་

D8.024.0147b03.01
4

བྱའོ། །གཟུངས་ཀྱི་སྒོ་རྣམས་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་

D8.024.0147b04.01
5

བསྒོམ་པར་བྱའོ། །{མྱི་,མི་}འཇིགས་པ་བཞི་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། {མྱི་,མི་}འཇིགས་པ་རྣམས་བསྒོམ་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་

D8.024.0147b05.01
6

བསྒོམ་པར་བྱའོ། །བྱམས་པ་ཆེན་པོ་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། བྱམས་པ་ཆེན་པོ་བསྒོམ་པར་བྱའོ། །སྙིང་རྗེ་ཆེན་པོ་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །སངས་རྒྱས་ཀྱི་ཆོས་

D8.024.0147b06.01
7

མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་པར་བྱའོ། །ཐམས་ཅད་ཤེས་པ་ཉིད་སྒོམ་པའི་ཚེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་བསྒོམ་པར་བྱའོ། །

D8.024.0147b07.01