shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 152b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 152b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 24 函 · 德格 152b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文བཀའ་སྩལ་པ། རབ་འབྱོར་{དམྱིགས་,དམིགས་}སུ་ཡོད་པ་{མྱི་,མི་}{དམྱིགས་,དམིགས་}པ་ཡང་མ་ཡིན། {དམྱིགས་,དམིགས་}སུ་{མྱེད་,མེད་}པ་{མྱི་,མི་}{དམྱིགས་,དམིགས་}པ་ཡང་མ་ཡིན་གྱིས། རབ་འབྱོར་{དམྱིགས་,དམིགས་}པ་དང་{མྱི་,མི་}{དམྱིགས་,དམིགས་}པ་མཉམ་པ་ཉིད་ནི་{མྱི་,མི་}{དམྱིགས་,དམིགས་}པ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། {དམྱིགས་,དམིགས་}པ་དང་{མྱི་,མི་}{དམྱིགས་,དམིགས་}པ་མཉམ་པ་ཉིད་ལ་བསླབ་པར་བྱའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། {མྱི་,མི་}{དམྱིགས་,དམིགས་}པ་དང་ལྡན་པར་འགྱུར་རོ། །
གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། {དམྱིགས་,དམིགས་}པ་ལ་ཡང་{མྱི་,མི་}ཆགས། {མྱི་,མི་}{དམྱིགས་,དམིགས་}པ་ལ་ཡང་{མྱི་,མི་}ཆགས་པ་ལགས་ན། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ས་ནས་ས་ཡོངས་སུ་རྫོགས་པར་བགྱི། ས་ནས་ས་ཡོངས་སུ་རྫོགས་ནས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་ཐོབ་པར་བགྱི།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། {དམྱིགས་,དམིགས་}པ་ལ་གནས་ཤིང་། ས་ནས་ས་ཡོངས་སུ་རྫོགས་པར་{མྱི་,མི་}བྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། {དམྱིགས་,དམིགས་}པ་ལ་གནས་ཏེ། ས་ནས་ས་ཡོངས་སུ་རྫོགས་པར་བྱ་བར་{མྱི་,མི་}ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་{དམྱིགས་,དམིགས་}སུ་
{མྱེད,མེད}། བྱང་ཆུབ་ཀྱང་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ཡང་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ། །གསོལ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 152b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。