藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 24 函德格 118a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་{མྱིག་,མིག་}གི་རྣམ་པར་ཤེས་པ་ཡིད་ལ་{མྱི་,མི་}བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣ་

D8.024.0118a01.01
2

བའི་རྣམ་པར་ཤེས་པ་ཡིད་ལ་{མྱི་,མི་}བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྣའི་རྣམ་པར་ཤེས་པ་ཡིད་ལ་{མྱི་,མི་}བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

D8.024.0118a02.01
3

དེ་ནི་ལྕེའི་རྣམ་པར་ཤེས་པ་ཡིད་ལ་{མྱི་,མི་}བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུས་ཀྱི་རྣམ་པར་ཤེས་པ་ཡིད་ལ་{མྱི་,མི་}བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

D8.024.0118a03.01
4

དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ལ་{མྱི་,མི་}བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་{མྱིག་,མིག་}གི་འདུས་ཏེ་རེག་པ་ཡིད་ལ་{མྱི་,མི་}བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

D8.024.0118a04.01
5

དེ་ནི་རྣ་བའི་འདུས་ཏེ་རེག་པ་ཡིད་ལ་{མྱི་,མི་}བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྣའི་འདུས་ཏེ་རེག་པ་ཡིད་ལ་{མྱི་,མི་}བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྕེའི་

D8.024.0118a05.01
6

འདུས་ཏེ་རེག་པ་ཡིད་ལ་{མྱི་,མི་}བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུས་ཀྱི་འདུས་ཏེ་རེག་པ་ཡིད་ལ་{མྱི་,མི་}བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡིད་ཀྱི་

D8.024.0118a06.01
7

འདུས་ཏེ་རེག་པ་ཡིད་ལ་{མྱི་,མི་}བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་{མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་{མྱི་,མི་}བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

D8.024.0118a07.01