'dul ba rnam par 'byed pa/
当前为德格木刻版 284a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 284a
- 可引用原文
- 7 行
- 全文规模
- 全经 15555 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 5 函第 7 函 · 德格 284a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་རྫོགས་པར་བསྙེན་པར་བགྱིས་པ་དེ་དག་མཚན་མོའི་ཐོ་རངས་ཀྱི་དུས་ཀྱི་ཚེ་བཀྲེས་པའི་ཉམ་ཆུང་བས་ཡོངས་སུ་གཟིར་ཏེ་ངུ་བ་ལགས་སོ། །ཀུན་དགའ་བོ་དགེ་སློང་དག་གང་ཟག་ལོ་ཉི་ཤུ་མ་ལོན་པ་དགེ་སློང་གི་དངོས་པོར་རྫོགས་པར་བསྙེན་པར་བྱེད་དམ། བཙུན་པ་བགྱིད་དོ། །ཀུན་དགའ་བོ་གང་ཟག་ལོ་ཉི་ཤུ་མ་ལོན་པས་ནི་གྲང་བ་དང་། ཚ་བ་དང་། བཀྲེས་
པ་དང་། སྐོམ་པ་དང་། རླུང་དང་། ཉི་མ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་{རིངས་,རིང་}དང་། སྡིག་སྦྲུལ་དག་གིས་རེག་པ་དག་དང་། གཞན་ལས་ཚིག་གི་ལམ་ངན་པ་སྨྲས་པ་དང་། ངན་པ་འོངས་པ་དག་དང་། ལུས་ཀྱི་ཚོར་བ་སྡུག་བསྔལ་མི་བཟད་པ། རྩུབ་པ། ཚ་བ། ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་བྱུང་ངོ་ཅོག་དག་མི་བཟོད་ཅིང་། ཟག་པ་དག་ལ་ཅི་མི་སྙམ་པར་བྱ་བ་ཡང་མི་བཟོད་ཅིང་དང་དུ་ལེན་མི་ནུས་པའི་རང་བཞིན་ཅན་ཡིན་ནོ། །གང་ཟག་ལོ་ཉི་ཤུ་ལོན་པས་ནི་གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་
པ་དང་། རླུང་དང་། ཉི་མ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་{རིངས་,རིང་}དང་། སྡིག་སྦྲུལ་གྱི་རེག་པ་དག་དང་། གཞན་ལས་ཚིག་གི་ལམ་ངན་པ་སྨྲས་པ་དང་། ངན་པ་འོངས་པ་དག་དང་། ལུས་ཀྱི་ཚོར་བ་སྡུག་བསྔལ་མི་བཟད་པ་དང་། རྩུབ་པ། ཚ་བ། ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་བྱུང་ངོ་ཅོག་བཟོད་ཅིང་ཟག་པ་དག་ལ་ཅི་མི་སྙམ་པར་བྱ་བ་ཡང་བཟོད་ཅིང་དང་དུ་ལེན་ནུས་པའི་རང་བཞིན་ཅན་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་
བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་རྨས་པ། མཽད་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D3
- 德格版页
- 284a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0003 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。