完整藏文原文 · 德格版页 当前仅加载第 6 函德格 253b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བྱེད་ན་ཉེས་བྱས་སུ་འགྱུར་རོ། །ཤད་ཀྱིས་མ་བྱང་བ་ལ་ཡིད་གཉིས་ཟ་ཞིང་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་མི་གདམས་པའི་ཕྱིར་རྩོད་པ་ལ་མི་གདམས་པའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་
D3.006.0253b01.01ཤེས་ཤིང་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཤད་ཀྱིས་བྱང་བ་ལ་ཡིད་གཉིས་ཟ་ཞིང་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ཉེས་
D3.006.0253b02.01བྱས་སུ་འགྱུར་རོ། །ཤད་ཀྱིས་མ་བྱང་བ་ལ་ཡིད་གཉིས་ཟ་ཞིང་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་མི་གདམས་པའི་ཕྱིར་རྩོད་པ་ལ་འཐབ་པའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་
D3.006.0253b03.01ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཤད་ཀྱིས་བྱང་བ་ལ་ཡིད་གཉིས་ཟ་ཞིང་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །
D3.006.0253b04.01ཤད་ཀྱིས་མ་བྱང་བ་ལ་ཡིད་གཉིས་ཟ་ཞིང་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་མི་གདམས་པའི་ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་
D3.006.0253b05.01ལྟུང་བྱེད་དུ་འགྱུར་རོ། །ཤད་ཀྱིས་བྱང་བ་ལ་ཡིད་གཉིས་ཟ་ཞིང་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །ཤད་ཀྱིས་མ་བྱང་བ་ལ་ཡིད་
D3.006.0253b06.01གཉིས་ཟ་ཞིང་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་མི་གདམས་པའི་ཕྱིར་རྩོད་པ་ལ་བྱ་བའི་ཕྱིར་རྩོད་པར་འདུ་ཤེས་ནས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །
D3.006.0253b07.01