藏传佛教 · 德格甘珠尔 · 律藏

德格《甘珠尔》D3第 6 函 · 德格 22a

'dul ba rnam par 'byed pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D3
返回文本目录:《'dul ba rnam par 'byed pa/》
德格《甘珠尔》D3藏文原典完整藏文原文 · 德格版页

'dul ba rnam par 'byed pa/

当前为德格木刻版 22a。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
22a
可引用原文
7 行
全文规模
全经 15555 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 5 函第 6 函 · 德格 22a
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

མགྱོགས་དང་། ནབ་སོ་གཉིས་ལ་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོའོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་{བརྫུན་,རྫུན་}པའོ་ཞེས་རྗེས་སུ་ཐ་སྙད་འདོགས་

པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་རབ་ཏུ་མང་པོ་དག་གྲོང་ངམ། གྲོང་རྡལ་ཞིག་ན་ཉེ་བར་རྟེན་

ཅིང་གནས་པར་གྱུར་ལ་དེ་དག་ཀྱང་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པར་གྱུར་ཅིང་། དེ་དག་གིས་ཁྱིམ་དག་སུན་ཕྱུང་བར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་སམ། དེ་དག་སྡིག་པ་ཀུན་དུ་སྤྱོད་པར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ན་དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་

ཤེས་ཀྱིས། ཚེ་དང་ལྡན་པ་དག་ཁྱེད་འདི་ན་གནས་པས་ཆོག་གིས་གནས་འདི་ནས་དེངས་ཤིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D3
德格版页
22a
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0003 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。