'phags pa gser 'od dam pa mdo sde'i dbang po'i rgyal po zhes bya ba theg pa chen po'i mdo/
当前为德格木刻版 179a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 179a
- 可引用原文
- 7 行
- 全文规模
- 全经 1709 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 2 函第 89 函 · 德格 179a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文སེམས་དཔའ་ཆེན་པོ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པ་དང་། སོ་སོར་འཆགས་པ་དང་། སོ་སོར་འཆགས་པར་འགྱུར་བ་དེ་བཞིན་དུ། བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ། །མཐོལ་ལོ་མི་འཆབ་བོ། སླན་ཅད་ཀྱང་མི་བགྱིད་དོ། །ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་རྣམ་པར་དག་པ་ཐོབ་པར་འདོད་པས། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་
བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །སུ་རྒྱལ་རིགས་ཀྱི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཕྱུག་པ་ནོར་ཆེ་བ། ལོངས་སྤྱོད་ཆེ་བ། ས་ལེ་སྦྲམ་དང་། ནོར་དང་། ཡོ་བྱད་མང་བ། ཤིན་ཏུ་སྐྱིད་པ། བཞོན་པ་ཆེན་པོ་ལ་ཞོན་པ་རྣམས་ཀྱི་ནང་དུ་སྐྱེ་བར་འདོད་པ་དེས་ཀྱང་འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །སུ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཕྱུག་པ། ནོར་ཆེ་བ།
ལོངས་སྤྱོད་ཆེ་བ། ས་ལེ་སྦྲམ་དང་། ནོར་དང་། ཡོ་བྱད་མང་བ། ཤིན་ཏུ་སྐྱིད་པ། བཞོན་པ་ཆེན་པོ་ལ་ཞོན་པ་རྣམས་ཀྱི་ནང་དུ་སྐྱེ་བར་འདོད་པ་དེས་ཀྱང་འདི་བཞིན་དུ། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །སུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བརྟུལ་ཞུགས་དང་། མཚུངས་པར་སྐྱེ་བར་འདོད་པ་དེས་ཀྱང་འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །སུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བརྟུལ་ཞུགས་
དང་། མཚུངས་པར་སྐྱེ་བར་འདོད་པ་དེས་ཀྱང་འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །དེ་བཞིན་དུ་སུ་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། །
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D556
- 德格版页
- 179a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0551 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。