藏传佛教 · 德格甘珠尔 · 续部

德格《甘珠尔》D556

'phags pa gser 'od dam pa mdo sde'i dbang po'i rgyal po zhes bya ba theg pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D556

完整藏文原文 · 德格版页 当前仅加载第 89 函德格 172b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འབར། །སྐྱབས་མེད་མྱ་ངན་བཅས་ཤིང་ཡོངས་འཁྱམ་པ། །མེ་རྣམས་དེ་དག་རབ་ཏུ་ཞི་བར་ཤོག །སེམས་དམྱལ་{ཡི་དགས་,ཡི་དྭགས་}མི་ཡི་འཇིག་རྟེན་ན། །སེམས་ཅན་སྡུག་བསྔལ་མི་བཟད་དྲག་པོ་གང་། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །དེ་དག་རྣམས་ཀྱི་སྡུག་

D556.089.0172b01.01
2

བསྔལ་ཀུན་ཞི་ཤོག །རྟེན་མེད་དཔུང་གཉེན་མེད་པ་དང་། །སྐྱབས་མེད་པར་ནི་གྱུར་པ་དག །དེ་རྣམས་ལ་ནི་སྐྱོབ་པ་དང་། །དཔུང་གཉེན་རྟེན་མཆོག་བདག་གྱུར་ཅིག །སངས་རྒྱས་རྐང་གཉིས་དམ་པ་དག །ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་

D556.089.0172b02.01
3

ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གིས་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་བཟད་གང་བགྱིས་པ། །སྟོབས་བཅུའི་སྤྱན་སྔར་བདག་མཆིས་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཕ་མ་དག་ཏུ་མི་འཛིན་

D556.089.0172b03.01
4

དང་། །སངས་རྒྱས་རྣམས་སུ་མི་འཛིན་དང་། །དགེ་བ་དག་ཏུ་མི་འཛིན་པས། །སྡིག་པ་བདག་གིས་གང་བགྱིས་དང་། །ཕྱུག་ཅིང་རྒྱགས་པས་དྲེགས་པ་དང་། །རིགས་དང་ལོངས་སྤྱོད་རྒྱགས་པ་དང་། །གཞོན་པའི་རྒྱགས་པས་དྲེགས་པ་ཡིས། །བདག་གིས་

D556.089.0172b04.01
5

སྡིག་པ་གང་བགྱིས་དང་། །ཉེས་བསམས་ཉེས་པར་སྨྲས་པ་དང་། །ཉེས་པར་བགྱིས་པའི་ལས་རྣམས་དང་། །ཉེས་པའི་དམིགས་སུ་མ་བལྟས་པས། །བདག་གིས་སྡིག་པ་གང་བགྱིས་དང་། །བྱིས་པའི་བློ་ཡིས་འཇུག་པ་དང་། །མི་ཤེས་མུན་པའི་སེམས་དང་

D556.089.0172b05.01
6

ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང་། །ཉོན་མོངས་རྣམ་པར་འཁྲུག་སེམས་དང་། །རྩེད་མོ་དགའ་བའི་དབང་ཉིད་དང་། །མྱ་ངན་དང་ནི་ནད་དབང་དང་། །ནོར་གྱི་མི་ཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །འཕགས་མིན་སྐྱེ་བོ་འདྲེ་

D556.089.0172b06.01
7

བ་དང་། །ཕྲག་དོག་སེར་སྣའི་རྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །ཕོངས་པ་འབྱུང་བའི་དུས་ཀྱི་ཚེ། །འདོད་པ་རྣམས་ཀྱི་འཇིགས་རྒྱུ་དང་། །ཕྱུག་པོ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་

D556.089.0172b07.01