藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 387a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། མངོན་པར་ཤེས་པ་རྣམས་དངོས་པོ་དང་རྫས་དང་

D8.023.0387a01.01
2

མཚན་མར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ཏིང་ངེ་འཛིན་རྣམས་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། གཟུངས་ཀྱི་སྒོ་རྣམས་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། དེ་བཞིན་

D8.023.0387a02.01
3

གཤེགས་པའི་སྟོབས་བཅུ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། {མྱི་,མི་}འཇིགས་པ་བཞི་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། སོ་སོ་ཡང་དག་པར་རིག་པ་བཞི་དངོས་པོ་དང་

D8.023.0387a03.01
4

རྫས་དང་མཚན་མར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། སྙིང་རྗེ་ཆེན་པོ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་

D8.023.0387a04.01
5

པར་རྗེས་སུ་{མྱི་,མི་}མཐོང་། ཐམས་ཅད་ཤེས་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་། རྣམ་པ་ཐམས་ཅད་

D8.023.0387a05.01
6

མཁྱེན་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། ཆོས་ཐམས་ཅད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་བས། ཆོས་གང་ལ་ཡང་གནས་{མྱི་,མི་}འཆའ་ཞིང་། དེ་ཇི་སྐད་དུ་སྨྲ་བ་དེ་

D8.023.0387a06.01
7

ལྟར་བྱེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ།།

D8.023.0387a07.01