藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 99b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བྱའོ། །བདག་གིས་ཀྱང་བསམ་གཏན་བཞི་བསྒོམ་པར་བྱ། གཞན་ཡང་བསམ་གཏན་བཞི་ལ་ཡང་དག་པར་བསྐུལ་བར་བྱ། བསམ་གཏན་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བསམ་གཏན་བཞི་སྒོམ་པ་དེ་དག་གི་

D8.023.0099b01.01
2

ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཚད་{མྱེད་,མེད་}པ་བཞི་བསྒོམ་པར་བྱ། གཞན་ཡང་ཚད་{མྱེད་,མེད་}པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། ཚད་{མྱེད་,མེད་}པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཚད་

D8.023.0099b02.01
3

{མྱེད་,མེད་}པ་བཞི་སྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་བཞི་བསྒོམ་པར་བྱ། གཞན་ཡང་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་བཞི་ལ་ཡང་དག་པར་

D8.023.0099b03.01
4

བསྐུལ་བར་བྱ། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་བཞི་སྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་

D8.023.0099b04.01
5

ཀྱང་རྣམ་པར་ཐར་པ་བརྒྱད་བསྒོམ་པར་བྱ། གཞན་ཡང་རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་བསྐུལ་བར་བྱ། རྣམ་པར་ཐར་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྣམ་པར་ཐར་པ་བརྒྱད་སྒོམ་པ་དེ་དག་གི་ལེགས་

D8.023.0099b05.01
6

པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསྒོམ་པར་བྱ། གཞན་ཡང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་དག་པར་བསྐུལ་བར་བྱ། མཐར་ཀྱིས་

D8.023.0099b06.01
7

གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྣམ་པར་

D8.023.0099b07.01