shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 227a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 227a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 23 函 · 德格 227a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文པར་རྫོགས་པར་འཚང་{མྱི་,མི་}རྒྱ། དབེན་པས་ནི་སྟོང་པ་ཉིད་ལ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་གང་ཡང་{མྱི་,མི་}{དམྱིགས,དམིགས}། སྟོང་པ་ཉིད་ཀྱིས་ཀྱང་དབེན་པ་ལ་སེམས་ཅན་གང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་བུ་{མྱི་,མི་}{དམྱིགས་,དམིགས་}ན། བཅོམ་ལྡན་འདས་བསྟན་པ་དེའི་དོན་བདག་གིས་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་རྣམས་ཡུན་རིང་པོ་ནས་བདག་དང་བདག་གི་ཞེས་བྱ་བ་ལ་
སྤྱོད་དམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་ཏེ། སེམས་ཅན་རྣམས་ནི་ཡུན་རིང་པོ་ནས་བདག་ཏུ་བགྱི་བ་དང་། བདག་གིར་བགྱི་བ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རབ་འབྱོར་དེ་ཇི་སྙམ་དུ་སེམས། བདག་དང་བདག་གི་ཞེས་བྱ་བ་དབེན་པ་ཡིན་ཞིང་། བདག་དང་བདག་གི་ཞེས་བྱ་བ་སྟོང་པ་ཡིན་མོད། གསོལ་པ། བཅོམ་ལྡན་འདས་དབེན་པ་ལགས་སོ། བདེ་བར་གཤེགས་པ་སྟོང་པ་ལགས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བདག་དང་བདག་གི་ཞེས་བྱ་བས་སེམས་ཅན་རྣམས་ཀུན་ཏུ་རྒྱུག་ཅིང་ཀུན་ཏུ་འཁོར་རམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་ཏེ།བདག་ཏུ་བགྱི་བ་དང་བདག་གིར་བགྱི་བས་སེམས་ཅན་རྣམས་ཀུན་ཏུ་རྒྱུག་ཅིང་ཀུན་ཏུ་འཁོར་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ཡོད་པ་ཡིན་ཏེ། གང་ལ་བདག་
ཏུ་བྱ་བ་{མྱེད་,མེད་}པ་དང་། བདག་གིར་བྱ་བ་{མྱེད་,མེད་}པ་དེ་ལ་འཛིན་པ་{མྱེད,མེད}། གང་ལ་འཛིན་པ་{མྱེད་,མེད་}པ་དེ་ལ་སེམས་ཅན་ཀུན་ཏུ་རྒྱུག་ཅིང་ཀུན་ཏུ་འཁོར་བ་མེད་དེ། དེ་ལ་ཀུན་ནས་ཉོན་མོངས་པ་གང་ཡང་{མྱེད་,མེད་}པས། རབ་འབྱོར་དེ་ལྟར་ན་སེམས་ཅན་རྣམས་ཀྱི་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 227a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。