shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 322b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 322b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 23 函 · 德格 322b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文རྣམ་པར་{མྱི་,མི་}རྟོག་པ་ཡིན་ནམ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་རྣམ་པར་{མྱི་,མི་}རྟོག་པ་ཡིན་ནམ། སྙིང་རྗེ་ཆེན་པོ་ཡང་རྣམ་པར་{མྱི་,མི་}རྟོག་པ་ཡིན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་རྣམ་པར་{མྱི་,མི་}རྟོག་པ་ཡིན་ནམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་རྣམ་པར་{མྱི་,མི་}རྟོག་པ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་རྣམ་པར་{མྱི་,མི་}རྟོག་པ་ཡིན་ནམ། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཡང་རྣམ་པར་{མྱི་,མི་}རྟོག་པ་ཡིན་ནམ། དགྲ་བཅོམ་པ་ཉིད་ཀྱང་རྣམ་པར་{མྱི་,མི་}རྟོག་པ་ཡིན་ནམ།
རང་བྱང་ཆུབ་ཀྱང་རྣམ་པར་{མྱི་,མི་}རྟོག་པ་ཡིན་ནམ། ལམ་གྱི་རྣམ་པ་པ་ཉིད་ཀྱང་རྣམ་པར་{མྱི་,མི་}རྟོག་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་{མྱི་,མི་}རྟོག་པ་ཡིན་ནམ། འདུས་བྱས་ཀྱི་ཁམས་ཀྱང་རྣམ་པར་{མྱི་,མི་}རྟོག་པ་ཡིན་ནམ། འདུས་མ་བྱས་ཀྱི་ཁམས་ཀྱང་རྣམ་པར་{མྱི་,མི་}རྟོག་པ་ཡིན་ནམ། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་རྣམ་པར་{མྱི་,མི་}རྟོག་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་དེ་ལྟར་
ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཡིན་ན། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་དང་{མྱིའི་,མིའི་}འགྲོ་བ་ལྔར་འཁོར་བ་ཞེས་ཐ་དད་དུ་དབྱེ་བ་ཇི་ལས་འོངས། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་{མྱི་,མི་}འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་བཅོམ་ལྡན་འདས་སུ་བརྗོད་པ་ཡང་ཅི་ལས་གྱུར། རབ་འབྱོར་ཀྱིས་སྨྲས་
པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སེམས་ཅན་གང་ཕྱིན་ཅི་ལོག་ལས་བྱུང་བའི་ལས་ལུས་དང་ངག་དང་ཡིད་ཀྱིས་མངོན་པར་འདུ་བྱེད་པ་དེ་དག་འདི་ལྟ་བུའི་སྐྱེ་མཆེད་མངོན་པར་སྒྲུབ་སྟེ། ལས་ཀྱི་རྣམ་པར་སྨྱིན་པ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 322b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。