shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 350b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 350b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 23 函 · 德格 350b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་ཡང་མ་མཐོང་། དེ་བཞིན་གཤེགས་པ་དེ་ཡང་མ་མཐོང་། དགེ་སློང་གི་དགེ་འདུན་དེ་ཡང་མ་མཐོང་། བྱང་ཆུབ་སེམས་དཔའི་དགེ་འདུན་དེ་ཡང་མ་མཐོང་སྟེ། {མྱིག་,མིག་}ལམ་དུ་ཡང་མི་གདའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མིག་ལམ་དུ་སྣང་བ་མ་ཡིན་ཏེ། ཆོས་ལ་ཆོས་སྣང་བར་{མྱི་,མི་}འགྱུར། ཆོས་ཀྱིས་ཆོས་
མི་མཐོང་། ཆོས་ཀྱིས་ཆོས་མི་ཤེས་སོ། །ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དང་། ཉན་ཐོས་དེ་དག་དང་། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དག་དང་།སངས་རྒྱས་ཀྱི་ཞིང་དེ་{མྱིག་,མིག་}ལམ་དུ་སྣང་བར་མ་གྱུར་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་{མྱིག་,མིག་}ལམ་དུ་སྣང་བ་མ་ཡིན་ཏེ། ཆོས་ལ་ཆོས་སྣང་བར་{མྱི་,མི་}འགྱུར། ཆོས་ཀྱིས་ཆོས་{མྱི་,མི་}མཐོང་། ཆོས་ཀྱིས་ཆོས་མི་ཤེས་སོ། །ཀུན་དགའ་བོ་ཆོས་
ཐམས་ཅད་ནི་ཤེས་པ་མེད་པ། མཐོང་བ་{མྱེད་,མེད་}པ་བྱེད་པ་མེད་པ། བྱ་བ་ལ་མཐུ་{མྱེད་,མེད་}པ་ཤ་སྟག་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཐམས་ཅད་ནི་ནམ་མཁའ་ལྟར་བྱེད་པ་{མྱེད་,མེད་}པས། བྱེད་པ་{མྱེད་,མེད་}ཅིང་འཛིན་པ་{མྱེད་,མེད་}པའོ། །ཀུན་དགའ་བོ་ཆོས་ཐམས་ཅད་ནི་སྒྱུ་མའི་སྐྱེས་བུ་ལྟ་བུ་སྟེ་བསམ་གྱིས་{མྱི་,མི་}ཁྱབ་པའོ། །ཀུན་དགའ་བོ་ཆོས་ཐམས་ཅད་ནི་སེམས་དང་བྲལ་ཞིང་རྣམ་པར་བསྒྲུབས་པས། སོ་སོར་གནས་པའི་མཚན་ཉིད་དེ་སྙིང་པོ་{མྱེད་,མེད་}པའི་ཕྱིར་ཚོར་བ་པོ་{མྱེད་,མེད་}པའོ། །དེ་ལྟར་
སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། ཆོས་གང་ལ་ཡང་མངོན་པར་ཆགས་པ་{མྱེད་,མེད་}དོ། །ཀུན་དགའ་བོ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 350b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。