藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 354b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྣ་བའི་རྣམ་པར་ཤེས་པ་{མྱི་,མི་}ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྣའི་རྣམ་པར་ཤེས་པ་{མྱི་,མི་}ཟད་པས། ཤེས་རབ་ཀྱི་ཕ་

D8.023.0354b01.01
2

རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པ་{མྱི་,མི་}ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པ་{མྱི་,མི་}ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

D8.023.0354b02.01
3

མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤིས་པ་{མྱི་,མི་}ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་མིག་གི་འདུས་ཏེ་རེག་པ་{མྱི་,མི་}ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་

D8.023.0354b03.01
4

བསྒྲུབ་པར་བྱའོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པ་{མྱི་,མི་}ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྣའི་འདུས་ཏེ་རེག་པ་{མྱི་,མི་}ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་

D8.023.0354b04.01
5

པར་བྱའོ། །རབ་འབྱོར་ལྕེའི་འདུས་ཏེ་རེག་པ་{མྱི་,མི་}ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པ་{མྱི་,མི་}ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །

D8.023.0354b05.01
6

རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པ་{མྱི་,མི་}ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་{མྱིག་,མིག་}གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་{མྱི་,མི་}ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། མངོན་པར་

D8.023.0354b06.01
7

བསྒྲུབ་པར་བྱའོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་{མྱི་,མི་}ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་{མྱི་,མི་}ཟད་པས།

D8.023.0354b07.01