藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 168b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཚོར་བ་ཡང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་དང་། འདུ་ཤེས་ཀྱང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་དང་། འདུ་བྱེད་ཀྱང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་

D8.023.0168b01.01
2

འགྱུར་བ་དང་། རྣམ་པར་ཤེས་པ་ཡང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས་གཟུགས་ཀྱང་གྲངས་

D8.023.0168b02.01
3

{མྱེད་,མེད་}དཔག་ཏུ་མེད་ཚད་{མྱེད་,མེད་}པར་འགྱུར་བ་དང་། ཚོར་བ་ཡང་གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}ཚད་{མྱེད་,མེད་}པར་འགྱུར་བ་དང་། འདུ་ཤེས་ཀྱང་གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}ཚད་{མྱེད་,མེད་}པར་འགྱུར་བ་དང་། འདུ་བྱེད་ཀྱང་གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}ཚད་

D8.023.0168b03.01
4

{མྱེད་,མེད་}པར་འགྱུར་བ་དང་། རྣམ་པར་ཤེས་པ་ཡང་གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}ཚད་{མྱེད་,མེད་}པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་ཡོད་དོ། །གསོལ་པ། བཅོམ་ལྡན་འདས་རྣམ་གྲངས་གང་གིས་ན་གཟུགས་ཀྱང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་

D8.023.0168b04.01
5

པར་འགྱུར་བ་ལགས། ཚོར་བ་ཡང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས། འདུ་ཤེས་ཀྱང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས། འདུ་བྱེད་ཀྱང་གྲངས་མ་

D8.023.0168b05.01
6

མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས། རྣམ་པར་ཤེས་པ་ཡང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱང་སྟོང་

D8.023.0168b06.01
7

པ་སྟེ། གྲངས་མེད་དཔག་ཏུ་{མྱེད་,མེད་}ཚད་{མྱེད་,མེད་}པའོ། །ཚོར་བ་ཡང་སྟོང་པ་སྟེ། གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}ཚད་{མྱེད་,མེད་}པའོ། །འདུ་ཤེས་ཀྱང་སྟོང་པ་སྟེ། གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}ཚད་མེད་པའོ། །འདུ་བྱེད་ཀྱང་སྟོང་པ་སྟེ། གྲངས་{མྱེད་,མེད་}དཔག་

D8.023.0168b07.01