完整藏文原文 · 德格版页 当前仅加载第 23 函德格 144a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བཞིན་གཤེགས་པས་གསུངས་པའི་མདོ་རྣམས་ཆུད་{མྱི་,མི་}ཟའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་འབའ་ཞིག། ཆབ་{མྱི་,མི་}
D8.023.0144a01.01འཚལ་དུ་བས་ཀྱི། ཉན་ཐོས་ཀྱིས་བཤད་པ་མ་ལགས་སམ། ལྷས་བཤད་པ་མ་ལགས་སམ། ཀླུས་བཤད་པ་མ་ལགས་སམ། གནོད་སྦྱིན་གྱིས་བཤད་པ་མ་ལགས་སམ། དྲི་ཟས་བཤད་པ་མ་ལགས་སམ། ལྷ་མ་ཡིན་གྱིས་
D8.023.0144a02.01བཤད་པ་མ་ལགས་སམ། ནམ་མཁའ་ལྡིང་གིས་བཤད་པ་མ་ལགས་སམ། ལྟོ་འཕྱེ་ཆེན་པོས་བཤད་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྐད་དང་།
D8.023.0144a03.01བརྡ་དང་། སྒྲ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ལ་ནེམ་ནུར་{མྱེད་,མེད་}དོ། །ཐེ་ཙོམ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེས་གཟུངས་རབ་ཏུ་ཐོབ་པའི་ཕྱིར་རོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་
D8.023.0144a04.01པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་{མྱི་,མི་}ལྡོག་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཕྱིར་{མྱི་,མི་}ལྡོག་པའི་རྣམ་པ་དང་། ཚུལ་གྱི་ལེའུ་སྟེ་བཞི་བཅུའོ།། །།
D8.023.0144a05.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཅིག་པ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་
D8.023.0144a06.01ལྡན་འདས་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་ཆེན་པོ་དང་ལྡན་པའོ། །བཅོམ་ལྡན་འདས་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚད་མ་མཆིས། གྲངས་མ་མཆིས།
D8.023.0144a07.01