shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 211b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 211b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 23 函 · 德格 211b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ཡོངས་སུ་འདྲིས་པར་བྱ་བ་དེ་རྗོད་དོ། །དེ་ལུང་སྟོན་ཏོ། །དེ་རབ་ཏུ་འབྱེད་དོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དེ་སྐད་དུ་དྲིས་ན་འདི་སྐད་དུ་ལུང་སྟོན་ཅིང་། དེས་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་{མྱི་,མི་}བྱའོ། །དེས་མཚན་མ་{མྱེད་,མེད་}པ་ལ་ཡོངས་སུ་འདྲིས་པར་མི་བྱའོ། །དེས་སྨོན་པ་མེད་པ་ལ་ཡོངས་སུ་འདྲིས་པར་{མྱི་,མི་}བྱའོ། །དེས་མངོན་པར་འདུ་བྱ་བ་{མྱེད་,མེད་}པ་ལ་ཡོངས་སུ་འདྲིས་པར་{མྱི་,མི་}བྱའོ། །དེས་སྐྱེ་བ་{མྱེད་,མེད་}པ་ལ་ཡོངས་སུ་འདྲིས་པར་{མྱི་,མི་}བྱའོ། །
དེས་དངོས་པོ་{མྱེད་,མེད་}པ་ལ་ཡོངས་སུ་འདྲིས་པར་མི་བྱའོ། །དེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པར་{མྱི་,མི་}བྱའོ། །ཞེས་ཟེར་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཇི་ལྟར་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་ཡོངས་སུ་འདྲིས་པར་བྱ་བ་དེ་མི་རྗོད་ཅིང་ལུང་{མྱི་,མི་}སྟོན་ལ་རབ་ཏུ་{མྱི་,མི་}འབྱེད་པའི་ཕྱིར་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་གང་ཡིན་པ་དེ་{མྱི་,མི་}རྗོད་པ་དང་། ལུང་མི་སྟོན་པ་དང་། རབ་ཏུ་{མྱི་,མི་}འབྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཡོངས་སུ་འདྲིས་པར་བྱས་ནས། ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱིར་{མྱི་,མི་}ལྡོག་པའི་ས་ནོན་
པ་ལྟར། བསྲབས་པའི་ས་ནོན་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གང་གིས་སླར་{མྱི་,མི་}ལྡོག་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་ཡོད་དེ།
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 211b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。